70974

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡི་གེ་བཅུ་གཉིས་པ་ (1)
Part of speech མིང་ཚིག
Definition མཁས་པ་ཆེན་པོ་གནས་བརྟན་ཡེ་ཤེས་དཔལ་བཤེས་གཉེན་གྱིས་མཛད་པའི་ཡི་གེ་བཅུ་གཉིས་པ། ཤོང་སྟོན་ལོ་ཙཱ་བ་ཆེན་པོ་རྡོ་རྗེ་རྒྱལ་མཚན་གྱིས་བསྒྱུར་ཏེ་འཕྲོ་ལུས་པ་ལས་ཤོང་སྟོན་དེ་ཉིད་ཀྱི་བརྒྱུད་པའི་སློབ་མ་དཔང་ལོ་ཙཱ་བ་དགེ་སློང་དཔལ་ལྡན་བློ་གྲོས་བརྟན་པས། སློབ་དཔོན་ཤཱཀྱ་རཀྵི་ཏས་མཛད་པའི་འགྲེལ་པ་ལ་བརྟེན་ནས། ཡོངས་སུ་རྫོགས་པར་བསྒྱུར་ཅིང་ཞུས་ཏེ་གཏནལ་ཕབ། འདིའི་ཡི་གེ་བཅུ་གཉིས་པ་ནི་ཆོས་ཚན་༣༥༤༡ པ་གནས་བརྟན་ཡེ་ཤེས་དཔལ་བཤེས་གཉེན་གྱིས་མཛད་པའི་སྡེབ་སྦྱོར་གྱི་ཕྲེང་བའི་བསྟོད་པའི་མཇུག་ཡིན་ཡང་འདིའི་སྟོད། ཤོང་སྟོན་གྱིས་བསྒྱུར་ཏེ་འཕྲོ་ལ་ལུས་པ་དེ་དཔང་ལོས་བསྒྱུར་བ་ལ་བསྟན་འགྱུར་དཔེ་བསྡུར་མ་ལ་ཆོས་ཚན་གཉིས་བྱས་འདུག རང་བཞིན་རྐྱེན་དང་རྣམ་འགྱུར་ལེགས་སྦྱར་ནས། ། དོན་ལ་བརྡ་སྤྲོད་གཞུང་གི་བསྟན་བཅོས་དང༌། ། དེ་ཡི་ཡན་ལག་མངོན་བརྗོད་སྙན་དངགས་སོགས། ། སྟོན་པའི་བསྟན་བཅོས་བཞི་བཅུ་རྩ་གསུམ་བཞུགས། ། བསྟན་འགྱུར་སྒྲ་མདོ་ས་པར་བཞུགས།

{{#arraymap:ཡི་གེ་བཅུ་གཉིས་པ་

|; |@@@ | | }}