71004
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པ་ཞེས་བྱ་བའི་གཟུངས་ལས་བྱུང་བ་སྟེ། ༡ པ་ཞེས་བྱ་བ་དོན་དམ་པར་ཆོས་ཐམས་ཅད་ལ་བདག་མེད་པ་ལ་འཇུག་པ་ཁོང་དུ་ཆུད་པ། ༢ ལ་ཞེས་བྱ་བ་མཚན་དང་དཔེ་བྱད་བཟང་པོ་དང༌། མཚན་དང་དཔེ་བྱད་བཟང་པོ་མེད་པར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་འཇུག་པ་ཁོང་དུ་ཆུད་པ། ༣ བ་ཞེས་བྱ་བ་བྱིས་པའི་ཆོས་རྣམས་དང༌། མཁས་པའི་ཆོས་རྣམས་ཇི་ལྟ་བ་བཞིན་དུ་གཉིས་སུ་མེད་པ་ལ་འཇུག་པ་ཁོང་དུ་ཆུད་པ། ༤ ཛ་ཞེས་བྱ་བ་སྐྱེ་བ་དང༌། རྒ་བ་དང༌། འཆི་བ་དང༌། སྐྱེ་བ་དང༌། རྒ་བ་དང༌། འཆི་བ་མེད་པའི་འགྲོ་བའི་མི་སྐྱེ་མི་འགག་པ་ལ་འཇུག་པ་ཁོང་དུ་ཆུད་པ། ༥ ཀ་ཞེས་བྱ་བ་ལས་ཀྱི་རྣམ་པར་སྨིན་པ་དང༌། ལས་ཀྱི་རྣམ་པར་སྨིན་པ་མེད་པ་ལ་འཇུག་པ་ཁོང་དུ་ཆུད་པ། ༦ དྷ་ཞེས་བྱ་བ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། ཆོས་ཀྱི་དབྱིངས་ལ་འཇུག་པ་ཁོང་དུ་ཆུད་པ། ༧ ཤ་ཞེས་བྱ་བ་ཞི་གནས་དང་ལྷག་མཐོང་དང༌། ཞི་གནས་དང་ལྷག་མཐོང་མེད་པར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་འཇུག་པ་ཁོང་དུ་ཆུད་པ། ༨ ཀྵ་ཞེས་བྱ་བ་ཆོས་ཐམས་ཅད་སྐད་ཅིག་པ་སྟེ། གཟོད་མ་ནས་ཞི་བའི་ཕྱིར་ཟད་པ་མེད་པ་དང༌། འཇིག་པ་མེད་པ་དང༌། རྒྱུ་བ་མེད་པ་དང༌། ཆོས་ཐམས་ཅད་མྱ་ངན་ལས་འདས་པར་འཇུག་པ་ཁོང་དུ་ཆུད་པའོ། ། |
{{#arraymap:ཡི་གེ་འབྲུ་བརྒྱད་ཀྱི་དོན་ཁོང་དུ་ཆུད་པར་བྱ་བ་བརྒྱད་
|; |@@@ | | }}