71048
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ་སྡེ་རྒྱན་གྱི་དགོངས་དོན་རྣམ་བཤད་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས་བྱུང་བ་སྟེ། རིགས་པའི་ཚིག་ནི། ཚད་མ་གསུམ་གྱི་རིགས་པ་དང་ལྡན་པའི་ཚིག ཡི་གེ་དང་ལྡན་པ་ནི། ཡི་གེས་མདོར་བསྟན་པ་དང་། མདོར་བསྟན་པ་བཞིན་དུ་རྒྱས་བཤད་ལྡན་པ། རྗེས་སུ་འབྲང་བ་ནི། ཐེག་པ་དང་མཐུན་པར་རྗེས་སུ་འབྲང་བ། རྗེས་སུ་མཐུན་པ་ནི། བདེན་པ་ནི་ཚིག་དང་ཡི་གེ་སྟོན་ཚུལ་འཁྲུགས་པ་རྣ་བར་མི་འོང་བ་མེད་པས་འཇམ་པ་ནི་ཡིད་དང་རྗེས་སུ་མཐུན་པའོ། །ཁས་ལེན་པ་ནི། གྲགས་པ་ནི་ཁས་ལེན་པ་སྟེ་དེ་བཞིན་དུ་གོ་བས་སོ། །མཐུན་པ་ནི། ཅི་རིགས་པ་ནི་དེའི་སྣོད་དང་མཐུན་པའོ། །རྗེས་སུ་མཐུན་པ་ནི། འཕགས་ལམ་སྟོན་པས་མྱང་འདས་ཀྱི་རྗེས་སུ་མཐུན་པའོ། །མཁས་པར་སྦྱོར་བའི་ཚོགས་རྫོགས་པ་ནི། མཐུན་པའི་ཕྱིར་དང་མཁས་པ་སྦྱོར་བའི་ཚོགས་རྫོགས་ལ་གཉིས་ཏེ། མཁས་པ་ནི་རྒྱུན་ཞུགས་ནས་དགྲ་བཅོམ་པ་ལ་ཞུགས་པའི་བར་གྱི་གང་ཟག་བདུན་ལ་བྱ་སྟེ། དེ་དག་གི་མཐོང་སྒོམ་གྱི་ལམ་ལ་ཚོགས་རྫོགས་པ་ཞེས་བྱ་ལ། དེ་དག་ཏུ་མཐུན་ན་འཕགས་ལམ་བརྒྱད་དང་མཐུན་པའི་ཕྱིར་རོ་ཞེས་འགྲེལ་ཆེན་དུ་བཤད་དོ། ། |
Domain | སྒྲ་རིག་པ། |
{{#arraymap:ཡི་གེའི་ཡོན་ཏན་བརྒྱད་
|; |@@@ | | }}