71063

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡི་ཆད་དགོད་རེ་བྲོ་བའི་ཆོས་དྲུག་ (1)
Part of speech མིང་ཚིག
Definition འདུག་དང་མི་འདུག་རང་དབང་ཆ་མེད་པའི། ། གནས་ཀྱི་སོ་ཚིས་ཡི་ཆད་དགོད་རེ་བྲོ། ། སྤྱོད་དང་མི་སྤྱོད་རང་དབང་ཆ་མེད་པའི། ། ནོར་གྱིས་གསོག་བྲུན་ཡི་ཆད་དགོད་རེ་བྲོ། ། གོན་དང་མི་གོན་རང་དབང་ཆ་མེད་པའི། ། གོས་ཀྱི་རྩོལ་སྒྲུབ་ཡི་ཆད་དགོད་རེ་བྲོ། ། ཟ་དང་མི་ཟར་རང་དབང་ཆ་མེད་པའི། ། ཟས་ཀྱི་བྱ་བྱེད་ཡི་ཆད་དགོད་རེ་བྲོ། ། འགྲོགས་དང་མི་འགྲོགས་རང་དབང་མེད་པ་ཡི། ། གྲོགས་ཀྱི་ཉེས་ཁ་ཡི་ཆད་དགོད་རེ་བྲོ། ། བསྟོངས་དང་མི་བསྟོངས་རང་དབང་མེད་པ་ཡི། ། བུ་ཚའི་གཅེས་སྤྲས་ཡི་ཆད་དགོད་རེ་བྲོ། ། འཇིག་རྟེན་འཁྲུལ་པའི་སྤྱོད་པ་མཐོང་ཙ་ན། ། ཡི་ཆད་དགོད་རེ་བྲོ་བ་ཤིན་ཏུ་མང༌། ། ཞེས་སོ། །
Domain ཆོས་ལུགས།

{{#arraymap:ཡི་ཆད་དགོད་རེ་བྲོ་བའི་ཆོས་དྲུག་

|; |@@@ | | }}