71072
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། རྟག་ཏུ་ལྟོགས་སྐོམ་གྱི་སྡུག་བསྔལ་དྲག་པོ་མྱོང་མཁན་གྱི་འགྲོ་བ་རིགས་ངན་འགྲོ་གསུམ་གྱི་ནང་ཚན་ཞིག་སྟེ། ཟས་སྐོམ་ཡིད་ལ་བཏགས་པས་ན་ཡི་དྭགས་ཞེས་བྱ། དེ་དག་གི་གནས་ཀྱི་རྩ་བ་རྒྱལ་པོའི་ཁབ་ནི་འཛམ་བུའི་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱས་བཅད་པ་ན་ཡི་དྭགས་ཀྱི་གྲོང་ཁྱེར་སེར་སྐྱ་ཞེས་བྱ་བ་ཡོད་དེ། དེར་ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་ཞེས་བྱ་དང་། དེའི་འཁོར་དུ་ཡི་དྭགས་ཀྱི་རིགས་སུམ་ཅུ་སོ་དྲུག་ཡོད་པ་དེ་རྣམས་རིགས་གསུམ་དུ་འདུས་པ་སྟེ། ཡི་དྭགས་ནང་སྒྲིབ་ཅན། ཡི་དྭགས་ཕྱི་སྒྲིབ་ཅན། ཡི་དྭགས་ཟས་སྐོམ་ཉིད་ལ་སྒྲིབ་པ་དང་བཅས་པ་གསུམ་མོ། །དེ་དག་གི་ཚེའི་ཚད་ནི་མི་ཡུལ་གྱི་ཟླ་བ་གཅིག་གང་ཡིན་པ་དེ་དེར་ཉིན་ཞག་གཅིག་ཡིན་ལ། དེས་ན་རང་ལོ་ལྔ་བརྒྱ་ཐོབ་སྟེ། མི་ལོ་ས་ཡ་ཕྲག་གཅིག་དང་དགུ་འབུམ་དུ་འགྱུར་རོ། ། |
Domain | ཆོས་ལུགས། |
Synonyms | པྲེ་ཏ། སྐེམ་བྱེད། ངན་ཁྱབ། ཆུ་བོ་རབ་མེད། བརྗེད་བྱེད། དཔལ་མིན་པ། ཕུན་ཚོགས་མིན། སྨྱོ་བྱེད། གཞན་གྱིས་འཁྱོལ། ལུས་སྲུལ་པོ། |
{{#arraymap:ཡི་དྭགས་
|; |@@@ | | }}