71076

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡི་དྭགས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ དང་པོ་བཀྲེན་ཞིང་ཆགས་པ། ༢ མུན་པ་མུན་ནག་ཆེན་པོའི་བཤེས་གཉེན། ༣ གསོག་པ་ལྷུར་ལེན་བྱེད་པའི་བདག་ཉིད་ཀྱང་ལོངས་སྤྱོད་པར་མི་བྱེད་པ། ༤ ཆོས་མ་ཡིན་པ་དང་ལྡན་པའི་ཕྱིར་ཕྲག་དོག་དང་། སེར་སྣ་ལྷུར་བྱེད་པས་སྤུན་དང་། སྲིང་མོ་དང་། བུ་དང་། ཆུང་མ་དང་། བྲན་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། འབྲེལ་པ་དང་། སྦྱིན་གནས་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། བཀྲེན་པ་ཐམས་ཅད་ལ་རབ་ཏུ་སྦྱིན་པར་མི་བྱེད་ཅིང་ཕ་མ་དག་ལའང་རབ་ཏུ་སྦྱིན་པར་མི་བྱེད་པ། ༥ ངེས་པར་བསྐྱངས་པར་འོས་པ་དག་མི་སྐྱོང་ལ་བསྙེན་བཀུར་མི་བྱེད་ཅིང་བླ་མ་ལ་མི་གུས་ལ་གཅེས་པར་མི་བྱེད་པའོ། །
Domain ཆོས་ལུགས།

{{#arraymap:ཡི་དྭགས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་བའི་ལས་ལྔ་

|; |@@@ | | }}