7109

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏེར་སྟོན་ར་མོ་ཤེལ་སྨན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གསུམ་པའི་དཀྱིལ་དུ་ལྷོ་ཁ་ཡར་སྟོད་ར་མོའི་སྨན་ཆུ་ཁར་སྐུ་འཁྲུངས། ཆུང་དུས་ནས་རྫོགས་པ་ཆེན་པོའི་ཆོས་ལ་ཐུགས་གཞོལ་ཏེ་རིམ་བཞིན་ཐོས་བསམ་དཔྱིས་ཕྱིན་པར་མཛད། པདྨ་ཤེལ་གྱི་བྲག་ཕུག་དང་། སྨན་ཆུ་འོད་གསལ་རྫོང་སོགས་ནས་བླ་རྫོགས་ཐུགས་གསུམ་དང་། གསོ་བ་རིག་པ། སྐར་རྩིས་བཅས་གཏེར་ཆོས་སྣ་ཚོགས་བཏོན། གསོ་དཔྱད་དང་ཕན་བྱ་གནོད་བྱེད་ཀྱི་སྐོར་མང་པོ་ཉམས་སུ་བླངས་པས་ཆོས་ཕྱོགས་ཀྱི་འགྲོ་དོན་ཆེར་མ་བྱུང་། གསང་སྨན་སོགས་དམུ་ཆུའི་བཅོས་ཐབས་ཀྱི་སྐོར་དང་། འབམ་ནད་ལ་སྨན་དཀར། སྨན་ནག་དེ་བཞིན་རྡེལ་ནད་སོགས་ཐོར་བུ་མ་གཏོགས། གཏེར་ཆོས་ཕལ་ཆེར་ཤོག་སེར་ལས་འབེབས་མ་ཐུབ་པ་ལུས་ཀྱང་། ཆུ་དང་འབམ་གྱི་ཕྱག་ལེན་ནི་ད་ལྟའི་བར་མ་ཉམས་པ་བཞུགས། ངས་འདས་ལོ་ཚིགས་ཞིབ་ཆ་མི་གསལ།

{{#arraymap:གཏེར་སྟོན་ར་མོ་ཤེལ་སྨན་

|; |@@@ | | }}