711

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀརྨ་བསྟན་སྲུང་དབང་པོ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དྲུག་པའི་དཀྱིལ་དུ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེའི་སྲས་སུ་འཁྲུངས། ཆུང་ངུའི་དུས་ནས་ཡིག་རྩིས་སོགས་ལ་སྦྱངས། ཆོས་སྲིད་གཉིས་ཀའི་ཕྱོགས་ལ་མཐོང་རྒྱ་ཆེ། རབ་བྱུང་བཅུ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༦༠༥ ལོར་དམག་སྣེ་དྲངས། འཕན་ཡུལ་དབང་དུ་བསྡུས། དགེ་ལུགས་པའི་སྦྱིན་བདག་སྡེ་བ་སྐྱིད་ཤོད་པ་གཏོར། དཔོན་དམག་མང་པོ་བསད། སྐྱིད་ཤོད་པ་དང་རིན་སྤུངས་པ་ལས་རྣམ་པར་རྒྱལ། པ་རྣམ་ནོར་བུ་ཁྱུང་རྩེར་རྒྱུན་བཞུགས་མཛད། གཅེན་པོ་ཀུན་སྤངས་པ་ལྷ་དབང་རྡོ་རྗེ་སྐུ་གཤེགས་རྗེས་བསམ་གྲུབ་རྩེར་བཞུགས། གཙང་སྟོད་སྡེ་པའི་ཆབ་སྲིད་བསྐྱངས། གཙང་སྟོད་ཀྱི་སྡེ་སྲིད་གསུམ་པ་ཡིན།

{{#arraymap:ཀརྨ་བསྟན་སྲུང་དབང་པོ་

|; |@@@ | | }}