7110

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཏེར་སྟོན་རཏྣ་གླིང་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཆུ་ལུག་ཕྱི་ལོ་ ༡༤༠༣ ལོར་ལྷོ་བྲག་གྲུ་ཤུལ་དུ་ཡབ་ཕྱུག་པོ་མདོ་སྡེ་དར་དང་། ཡུམ་སྲི་ཐར་སྨན་གཉིས་ཀྱི་སྲས་སུ་འཁྲུངས། དྲུག་པ་ལ་ཡབ་ཀྱིས་ཡི་གེ་འབྲོ་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། བཅུ་གསུམ་པར་དག་པའི་སྣང་བ་འགའ་ཞིག་ཤར་ཏེ་སྔོན་སྦྱངས་སྟོབས་ཀྱིས་རིག་པའི་གནས་རྣམས་དང་། ཆོས་ཀྱི་གསན་པའང་རྒྱ་ཆེར་མཛད་ནས་རྟོགས་པ་མངོན་དུ་གྱུར། དགུང་ལོ་ཉེར་བདུན་པར་གུ་རུ་རིན་པོ་ཆེས་གཏེར་གྱི་ཁ་བྱང་དངོས་སུ་གནང་། སུམ་ཅུ་ཐམ་པར་ཁྱུང་ཆེན་བྲག་དང་། འབྲི་ཐང་ཀོ་རོ་བྲག ལྷོ་བྲག་གནམ་སྐས་ཅན། མཁར་ཆུ་དཔལ་གྱི་ཕུག་རིང་སོགས་ནས་གཏེར་ཁ་ཉི་ཤུ་རྩ་ལྔ་བཞེས། ཀརྨ་པ་མཐོང་བ་དོན་ལྡན་དང་བཀའ་ཆོས་མང་དུ་གསན། སོ་དྲུག་པར་ཆོས་རྗེ་ཟླ་བ་གྲགས་པ་དང་མཇལ་ནས་རྫོགས་ཆེན་གྱི་ཆོས་བཀའ་ཇི་སྙེད་བསླབས། ལྷག་པར་དུ་ཐུགས་སྒྲུབ་དང་སྨན་སྒྲུབ་མང་དུ་མཛད། མདོ་དབུས་ཁམས་གསུམ་གྱི་བུ་མང་དུ་བསྐྱངས། འཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར། དོན་དྲུག་པ་རབ་བྱུང་བརྒྱད་པའི་ས་ཕག་ཕྱི་ལོ་ ༡༤༧༩ ལོར་སྐུ་གཤེགས། སློབ་མ་གྲགས་ཆེ་བ་ནི་ཀརྨ་པ་མཐོང་བ་དོན་ལྡན་དང་། སྣེ་གདོང་ཀུན་དགའ་ལེགས་འབྱུང་། འབྲུག་པ་སྨྱོས་མཐིང་མ་བ། སྨན་རྩེ་བསམ་གྲུབ་རྒྱལ་པོ། ར་ལུང་ཀུན་དགའ་དཔལ་འབྱོར། ཀོང་པོ་བྱ་ཁྱུང་པ་བཅས་ཡིན། གསུང་རྩོམ་ནི་གསུང་མགུར་གྱི་སྐོར་དང་། རྩོད་ཟློག་གི་སྐོར། ཆོས་འབྱུང་གི་སྐོར། དབང་ཁྲིད་ཞལ་གདམས་ཀྱི་སྐོར་བཅས་བཞུགས།
Synonyms ཞིག་པོ་གླིང་པ། འགྲོ་འདུལ་གླིང་པ།

{{#arraymap:གཏེར་སྟོན་རཏྣ་གླིང་པ་

|; |@@@ | | }}