From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཏེར་སྦས་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་བཀའ་ཟབ་མོ་རྣམས་འཕགས་པའི་གང་ཟག་གིས་གཏེར་སྟོན་ཆོས་བདག་དང་བཅས་པར་སྨོན་ལམ་གྱི་གཏད་རྒྱ་མཛད་དེ། མ་འོངས་པར་ཕྲིན་ལས་དུས་སུ་མ་བབས་པར་སུས་ཀྱང་སྤྱོད་མི་ནུས་པར་བྱས་པ།
|
| Domain
|
ཆོས་ལུགས།
|
གཏེར་སྦས་ (2)
| Part of speech
|
མིང་ཚིག
|
| Definition
|
གལ་ཆེའི་ལོ་རྒྱུས་དང་ཆོས་དཔེ་རྣམས་གནས་སྐབས་དར་སྤེལ་གཏོང་བའི་དུས་ལ་མ་བབས་པ་རྣམས་བྲག་ཕུག་བཙན་པོ་དང་། ལྷ་ཁང་། ལྷ་སྐུ་མཆོད་རྟེན་སོགས་ཀྱི་ནང་དུ་བཅུག་ནས་སུས་ཀྱང་མི་ཤེས་པར་བྱས་ཏེ་སྦས་ཐོག་སྦས་པའི་དངོས་པོ་རྣམས་ཀྱི་ཁ་བྱང་དང་གཏེར་རྟགས་ཀྱི་མཚན་མ་སོགས་ཀྱང་གནས་གཞན་དུ་སྦས།
|