71156

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིག་བརྒྱའི་ཕན་ཡོན་ (1)
Part of speech མིང་ཚིག
Definition གསང་སྔགས་སྨད་དུ་བྱུང་བ་འདིའི་ཕན་ཡོན་ནི། དེ་ཉིད་བསྡུས་པའི་རྒྱུད་ལས། ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་རང་གི་ལུས་དང་ངག་དང་སེམས་རྡོ་རྗེར་བྱ་བའི་ཆོ་ག་རྒྱས་པ་བཤད་དེ། ནམ་ཕྱག་རྒྱའི་བྱིན་བརླབས་ལྷོད་པར་གྱུར་ཏམ། བདག་གཏོང་བར་འདོད་ན་སྙིང་པོ་འདིས་བརྟན་པར་བྱའོ། །ཨོཾ་བཛྲ་སཏྭ་སོགས་ནས་ས་ཏྭ་ཨཿ དེས་ནི་མཚམས་མེད་པ་བྱས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང་། དམ་པའི་ཆོས་ལ་སྨོད་པ་དང་། ཉེས་པ་ཐམས་ཅད་བྱས་པ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའ་བརྟན་པར་གྱུར་བས་ཚེ་འདི་ལ་ཇི་ལྟ་འདོད་པའི་དོན་ཐམས་ཅད་དམ། དངོས་གྲུབ་མཆོག་གམ། རྡོ་རྗེའི་དངོས་གྲུབ་བམ། རྡོ་རྗེ་སེམས་དཔའི་དངོས་གྲུབ་བམ། དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་བར་དུ་མྱུར་དུ་འགྲུབ་བོ་ཞེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔས་གསུངས་སོ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། མཚམས་མེད་ལྔ་པོ་བྱེད་པ་ཡང་། །རྡོ་རྗེ་སེམས་དཔའ་དང་འདྲར་འགྱུར། །ཕྱག་རྒྱ་ཐམས་ཅད་འགྲུབ་འགྱུར་ཞིང་། །ཐམས་ཅད་འགྲུབ་པར་ཐེ་ཚོམ་མེད། །ཅེས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བའི་དཔལ་རྟ་མཆོག་རོལ་བའི་རྒྱུད་ལས། གསང་སྔགས་རྒྱལ་པོ་བླ་མེད་པ། །ལན་གཅིག་བརྗོད་པ་ཙམ་གྱིས་ཀྱང་། །སྡིག་པ་མ་ལུས་ཟད་བྱེད་ཅིང་། །ལས་རྣམས་ཐམས་ཅད་འགྲུབ་པར་བྱེད། །ཅེས་གསུངས་པས་མཚོན་རྒྱུད་དང་བསྟན་བཅོས་རྣམས་ལས་རྒྱུད་སྦྱང་བ། བྱིན་རླབས་བརྟན་བྱེད། ལྷག་ཆད་བསྐང་བ་སོགས་ལ་ཆེས་ཆེར་བསྔགས་པའི་ཕྱིར་ཆོ་ག་ཐམསཅད་ཀྱི་ཐོག་མཐའ་སོགས་སྐབས་མང་པོར་འབྱུང་བ་ཡིན་པས་དགོས་གལ་ཆེ་བ་ངོ་ཤེས་པར་བྱའོ་ཞེས་སྡེ་གཞུང་ཆོས་འཕེལ་གྱི་ཀུན་རིག་རྣམ་བཤད་ལས་སོ། །
Domain ཆོས་ལུགས།

{{#arraymap:ཡིག་བརྒྱའི་ཕན་ཡོན་

|; |@@@ | | }}