71158
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོན། སྒྲིབ་པ་སྦྱང་བྱེད་ཀྱི་སྙིང་པོ་ཟབ་མོ་ཞིག་སྟེ། འདི་ནི་ཏིང་འཛིན་བརྒྱ་དང་རྩ་བརྒྱད་མདོར་བསྡུས་པའི་སྙིང་པོ་ཡིན་པར་གཡུང་དྲུང་སེམས་དཔའ་ལྟུང་བཤགས་མདོ་ཆོག་འབྲེལ་བའི་མན་ངག་ལས་གསུངས་པས་སོ། །སྔགས་ནི་འདི་ལྟར་ཏེ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། དམུ་ཏྲེ་དམུ་ཏྲེ་དམུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནེ་གྱེར་ཏོ་ཡེ་ཁྱབ་ཁ་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུ་ལ་ཝེར་རོ། ན་ཧུ་ཏ་ཀ། ཤུདྷོ་ཤུདྷོ་དུ་ཤུདྷོ་ཡ། སེལ་སལེ་ཏྲི་སལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན། ཁྲི་རྩེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱྭྃ་ཕཊ་ཕཊ༔༔ ཞེས་སོ། །དེའི་དོན་ནི། སྔོན་འགྲོ་བཀའ་ལུང་རྒྱལ་མཚོ་ལས། བསྭོ་སྔགས་ཀྱི་མགོ་འདྲེན་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ། དམུ་ར་ཏ་ཧན། ཕྱོགས་བཅུའི་གཤེན་རབ། ཝེར་ནི་བྲུྃ་ཧྲུན་རྒྱལ་བ་གཞལ་ཡས་སུ་བཞུགས་པ་སྟེ་བརྟེན་དང་རྟེན་པའི་སྙིང་པོ། དམུ་ཏྲེ་དམུ་ཏྲེ། སྣང་བཅས་དང་སྣང་མེད་དེ་བོན་སྐུ་རྣམ་གཉིས། དམུ་ར་དམུ་ཏྲེ། དབྱིངས་ཤེས་ཀྱི་བོན་སྐུ། མུ་ཡེ་མུ་ཡེ། ཞི་བ་དང་ཁྲོ་བོ་སྟེ་ལོངས་སྐུ་རྣམ་གཉིས། ཧ་ར་མུ་ཡེ། ཡེ་ཤེས་ཀྱི་ལོངས་སྐུ། མུ་སྤྲོས་མུ་སྤྲོས། མཚན་དཔེ་ཅན་དང་མ་ངེས་པ་སྟེ་སྤྲུལ་སྐུ་རྣམ་གཉིས། ཝེར་རོ་མུ་སྤྲོས། རྒྱལ་བ་སྤྲུལ་སྐུ། མུ་ནི་གྱེར་ཏོ། གནས་ལུགས་ཀྱི་དོན། ཡེ་ཁྱབ་ཁར་རོ། འདུལ་ཞིང་ལ་འོད་ཟེར་འགྱེད་ནས། སྤྲོས་བདལ་ཧྲི་ཧྲོ། གདུལ་བྱའི་རིག་ཤེས་བསྐྱེད་པ། ཝེར་ནི་ཝེར་རོ། རྒོལ་ངན་གྱི་ལོག་རྟོག་འཇོམས་པ། ཤུད་ལ་ཝེར་རོ། ཀུན་ལས་རྣམ་པར་རྒྱལ་བར་གྱིས། མ་ཧུ་ཏ་ཀ། སྡིག་པ་མཐའ་དག་སྟེ་སྦྱང་བྱའི་སྙིང་པོ། ཤུད་དྷོ་ཤུད་དྷོ། དག་པ་དག་པ་སྟེ་སྦྱོང་བྱེད་ཀྱི་སྙིང་པོ། དུཿཤུད་དྷོ་ཡཱ། འདོད་ཆགས་ཡེ་ཤེས་སུ་གསལ་བར་གྱིས། སང་ངེ་སང་ངེ། ཚང་པ་ཚང་པ། སུཿསང་ངེ་ཡཱ། གཏི་མུག་ཚང་ཞིང་དག་པར་གྱིས། དམི་ར་ཏ་ཧན། རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ། ཁྲི་རྩེ་དྲུང་མུ། འབྲས་བུ་གཡུང་དྲུང། ཧ་ཧ། ཐབས་དང་ཤེས་རབ་ཀྱིས། བྲུྃ་བྲུྃ། གཞལ་ཡས་སུ། ཧོ་ཧོ། སྐུ་བསྐྱེད་དེ། ལམ་ལམ། འགྲོ་དོན་ཕྱོགས་མེད་དུ། ཧཱུྃ་ཧཱུྃ། ཐུགས་རྗེ་ཆེན་པོ། ཕཊཿཕཊཿ དྲག་ཏུ་བསྐུལ་པའོ། །ཞེས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཡིག་བརྒྱའི་སྙིང་པོ་
|; |@@@ | | }}