71209
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ༡ བརྣབ་སེམས་ནི་གཞན་གྱི་འབྱོར་པ་མཐོང་ནས་ཤིན་ཏུ་རྟོག་པར་བྱེད། སེམས་ཀྱིས་འདོད་པར་བྱེད། རྫས་འདི་ནི་བདག་པར་བྱའོ་སྙམ་སྟེ། བརྣབ་སེམས་འདི་ནི་ཡིད་ཀྱི་ཆད་པ་དང་པའོ། ། ༢ ཕ་རོལ་གྱི་ཕུན་སུམ་ཚོགས་པ་མཐོང་ནས་ཡིད་རབ་ཏུ་སྡང་བ་གནོད་སེམས་ཏེ། ཡིད་ཀྱི་ཆད་པ་གཉིས་པའོ། །༣ ལོག་པར་ལྟ་བས་ཕྱིན་ཅི་ལོག་ཏུ་མཐོང་བ་ལོག་པར་ལྟ་བའི་ཆད་པའོ། །དེ་ཡང་རྣམ་པ་གཉིས་ཏེ། ཡོད་པ་འཇིག་པ་དང་། ལོག་པར་ཤེས་པའོ། །དེ་ལ་ཡོད་པ་འཇིག་པ་ནི། འདི་ལྟར་སྦྱིན་པ་མེད། སྦྱིན་སྲེག་མེད། ལེགས་པར་བྱས་པ་དང་། ཉེས་པར་བྱས་པ་དག་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ་ཞེས་བྱ་བ་རྒྱ་ཆེར་སྦྱོར་རོ། །ལོག་པར་ཤེས་པ་ཞེས་བྱ་བ་ནི། བདེ་བ་དང་། སྡུག་བསྔལ་གང་ཡིན་པ་དེ་ནི་ལྷས་བྱས་ཀྱི། ལས་ཀྱི་འབྲས་བུས་ནི་མ་བྱས་སོ་ཞེས་ཟེར་བ་སྟེ། འདི་ནི་ལོག་པར་ལྟ་བ་རྣམ་པ་གསུམ་པ་ཡིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:ཡིད་ཀྱི་ཆད་པ་རྣམ་པ་གསུམ་
|; |@@@ | | }}