71219
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རང་རྒྱུད་པ། ནང་གི་དབང་པོ་དྲུག་གི་ཡ་གྱལ་ཡིད་ཀྱི་རྣམ་ཤེས་ལ་ཡིད་ཀྱི་དབང་པོ་ཞེས་བརྗོད། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། རང་འབྲས་ཡིད་ཀྱི་རྣམ་པར་ཤེས་པའི་ཐུན་མོང་མ་ཡིན་པའི་རྟེན་བྱེད་པའི་གཙོ་བོའི་རྣམ་རིག ཡིད་དབང་གི་མཚན་ཉིད། དབྱེ་ན། རྣམ་ཤེས་ཚོགས་དྲུག་ཡོད། ཡིད་དབང་རྣམ་པར་ཤེས་པ་གཙོ་སེམས་ཡིད་ཀྱི་ཁམས་ཡིད་ཀྱི་སྐྱེ་མཆེད་རྣམས་དོན་གཅིག ཅེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:ཡིད་ཀྱི་དབང་པོ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མངོན་པ། ཡིད་ནི་ཡང་སྲིད་པར་མཚམས་སྦྱོར་བ་དང། ཡིད་ཀྱི་རྗེས་སུ་ལུས་ངག་གི་ལས་ལ་སོགས་པ་མཐུན་པར་འཇུག་པས་དབང་པོའི་ངོ་བོ་དང་མཐུན་པར་དབང་བྱེད་དོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། ། ཡིད་ཀྱིས་ནི་ཡང་སྲིད་དུ་ཉིང་མཚམས་སྦྱོར་བ་དང། ཡིད་དགེ་བར་གནས་ན་དེའི་དབང་གིས་བྱུང་བའི་ལུས་ལ་སོགས་པའང་དགེ་བར་བྱེད་པ་ལ་སོགས་པ་དབང་པོའི་ངོ་བོ་དང་མཐུན་པར་དབང་བྱེད་དེ། རྣམ་པར་འབྱེད་པ་བསྡུས་པའི་སྡོམ་གྱི་ཚིགས་སུ་བཅད་པ་གཉིས་པའི་དང་པོའི་མདོ་ལས། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། །སེམས་ཀྱིས་ཡོངས་སུ་དྲངས་པ་ཡིན། །སེམས་ཀྱི་ཆོས་ནི་གཅིག་པུ་ཡི། །དབང་གི་རྗེས་སུ་ཆོས་ཀུན་འགྲོ། །ཞེས་གསུངས་པ་ལྟ་བུའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
{{#arraymap:ཡིད་ཀྱི་དབང་པོ་
|; |@@@ | | }}