71222
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་རྟོག་བྲལ་མ་འཁྲུལ་བའི་རིག་པ། སྒྲ་བཤད་ནི་ཡིད་དབང་ཙམ་གྱི་བདག་རྐྱེན་ལས་སྐྱེས་པའི་མངོན་སུམ་ཡིན་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར། |
Example | སོ་སྐྱེའི་རྒྱུད་ཀྱི་གཟུགས་འཛིན་དབང་མངོན་སྐད་ཅིག་དང་པོའི་རྗེས་སུ་སྐྱེས་ཞིང་གཟུགས་གསལ་བར་སྣང་ཡང་དེ་ལ་ངེས་པ་འདྲེན་མི་ནུས་པའི་ཡིད་ཤེས་ལྟ་བུ། |
Domain | ཚད་མ། |
{{#arraymap:ཡིད་ཀྱི་མངོན་སུམ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཡུལ་དང་དབང་ཤེས་རྣམ་གཉིས་ཀྱི། །དེ་མ་ཐག་ལས་སྐྱེས་པའི་ཡིད། །དེ་ལ་བརྟེན་ནས་མ་འཁྲུལ་བའི། །ཤེས་པ་ཡིད་ཀྱི་མངོན་སུམ་ཡིན། །ཞེས་བྱ་བ་ནི། དབང་པོའི་ཤེས་པ་འགགས་མ་ཐག་པ་དེ་ཉིད་ཡིད་ཀྱི་དབང་པོ་ཡིན་གྱི་ཡིད་ལ་དབང་པོ་གཟུགས་ཅན་མི་བཞེད་དོ། །ཡིད་མངོན་གྱི་མཚན་ཉིད་ནི། ཡིད་ཀྱི་དབང་པོ་ལ་བརྟེན་པའི་ཤེས་པ་མ་འཁྲུལ་པའོ། །དེའི་ཚད་མའི་མཚན་ཉིད་ཀྱང་དེ་ཉིད་ལས་གཞན་མི་འཐད་དོ། །མཚན་གཞི་ནི། ཁྱད་པར་གསུམ་ལྡན་ཏེ། བདག་པོའི་རྐྱེན་ནི་དབང་ཤེས་སྔ་མ་འགགས་མ་ཐག་པའོ། །གཟུང་བའི་ཡུལ་ནི། དབང་ཤེས་ཀྱིས་གཟུང་བའི་སྐད་ཅིག་གཉིས་པ་འཛིན་པའོ། །ཉེར་ལེན་གྱི་རྒྱུ་ནི། དབང་པོའི་ཤེས་པ་ཡུལ་ལ་གཏོད་པའི་ཡིད་ཀྱི་དབང་པོོའི་ཡུལ་གྱི་སྐད་ཅིག་གཉིས་པ་འཛིན་པར་བསྐྱེད་པའི་ཡིད་ཉིད་དོ། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད་ནི། རང་གི་མཐུན་མོང་མ་ཡིན་པའི་བདག་རྐྱེན་དང་། དེ་མ་ཐག་རྐྱེན་ཡིད་དབང་ལས་དངོས་སུ་སྐྱེས་ཤིང་གཟུང་དོན་ཅན་གྱི་ཤེས་པའོ། །དབྱེ་བ་ལ། གཟུགས་འཛིན་ཡིད་མངོན་སོགས་ལྔའོ། །ཡིད་མངོན་གྱི་བདག་རྐྱེན་ནི། དབང་ཤེས་རྒྱུད་(རྒྱུན)་ལྡན་དུ་འབྱུང་བའི་ཚེ། དབང་པོའི་རྣམ་པར་ཤེས་པ་ལྔ། ཡིད་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་ཏེ། ཡིད་མངོན་ཡིན་ན། དོན་རིག་ཡིད་མངོན་ཡིན་དགོས་ཤིང་། ཡིད་ཀྱི་རྣམ་པར་ཤེས་པས་དོན་རིག་ཡིད་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་མི་ནུས་པའི་ཕྱིར་ཏེ། དེའི་དེ་མ་ཐག་རྐྱེན་དང་། བདག་རྐྱེན་གཉིས་རྫས་གཅིག་ཡིན་པ་གང་ཞིག དེ་མ་ཐག་རྐྱེན་དེ་དབང་ཤེས་ཉིད་དུ། རྣམ་འགྲེལ་ངེས་གཉིས་ཆར་ལས་བཤད་པའི་ཕྱིར་རོ། །ཡིད་མངོན་གྱི་དེ་མ་ཐག་རྐྱེན་ནི། ཇི་སྐད་བཤད་པའི་བདག་རྐྱེན་དེ་ཉིད་ཡིད་མངོན་མྱོང་བ་གསལ་རིག་ཏུ་བསྐྱེད་པའི་ཆ་ནས་དེ་མ་ཐག་རྐྱེན་དུ་འཇོག་སྟེ། རྣམ་འགྲེལ་ལས། དེ་ཕྱིར་དབང་པོའི་རྣམ་པར་ཤེས། །དེ་མ་ཐག་རྐྱེན་ལས་བྱུང་ཅན། །ཞེས་གསུངས་པས་སོ། །ཡིད་མངོན་གྱི་དམིགས་རྐྱེན་ནི། དབང་མངོན་སྐད་ཅིག་དང་པོའི་དམིགས་རྐྱེན་ནི་ཡིད་མངོན་སྐད་ཅིག་དང་པོའི་དམིགས་རྐྱེན་མ་ཡིན་ཏེ། དེ་ཡིད་མངོན་གྱི་དེ་མ་ཐག་གྱི་དུས་སུ་འདས་ཟིན་པའི་ཕྱིར་ཏེ། སྐད་ཅིག་ཉིད་ཕྱིར་འདས་པ་ཡིས། །དོན་མཐོང་ཡོད་པ་མ་ཡིན་ཞིང་། །ཞེས་གསུངས་པའི་ཕྱིར། དེས་ན་དེའི་རིགས་འདྲ་སྐད་ཅིག་གཉིས་པ་དེ་ཡིད་མངོན་སྐད་ཅིག་དང་པོ་དང་། དབང་མངོན་སྐད་ཅིག་གཉིས་པ་གཉིས་ཀའི་གཟུང་དོན་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
{{#arraymap:ཡིད་ཀྱི་མངོན་སུམ་
|; |@@@ | | }}