71223

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་ཀྱི་མངོན་སུམ་ཚད་མ་ (1)
Part of speech མིང་ཚིག
Definition མདོ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། མངོན་སུམ་ཚད་མ་གང་ཞིག་རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་དངོས་སུ་སྐྱེས་པའི་རང་ཡུལ་བདེན་པའི་རྣམ་པའམ་བདག་མེ་ཕྲ་རགས་གང་རུང་མངོན་སུམ་དུ་(མ)རྟོགས་པའི་རྟོག་བྲལ་རང་གི་ཡུལ་གྱི་གཙོ་བོ་མངོན་སུམ་པ་ཞིག་ལ་མི་སླུ་བའི་རིག་པ། ཡིད་ཀྱི་མངོན་སུམ་གྱི་ཚད་མའི་མཚན་ཉིད། མཚན་གཞི། གཟུགས་འཛིན་དབང་པོའི་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་གཟུགས་དོན་མཐུན་དུ་ངེས་པའི་ངེས་ཤེས་ལྟ་བུ། ཞེས་དང་། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས། ཡིད་ཀྱི་མངོན་སུམ་ཡང་རྣམ་འགྲེལ་སོགས་ནས་བཤད་པ་དང་མི་མཐུན་ཏེ། དེ་ལས་གཟུགས་གསལ་བར་མངོན་སུམ་དུ་མཐོང་བའི་རང་ཁ་བའི་ཚུར་མཐོང་གི་ཡིད་ཀྱི་མངོན་སུམ་ཡོད་པར་གསུངས། ལུགས་འདི་ལ་གཟུགས་གསལ་བར་མངོན་སུམ་དུ་མཐོང་བའི་རང་ཁ་བའི་ཚུར་མཐོང་གི་དབང་པོའི་མངོན་སུམ་ཡོད་ཀྱང༌། གཟུགས་གསལ་བར་མངོན་སུམ་དུ་མཐོང་བའི་རང་ཁ་བའི་ཚུར་མཐོང་གི་ཡིད་ཀྱི་མངོན་སུམ་མེད་དེ། གཟུགས་འཛིན་ཡིད་ཀྱི་ཤེས་པ་དེ་དབང་པོའི་མངོན་སུམ་གྱིས་གཟུགས་གསལ་བར་མངོན་སུམ་དུ་མཐོང་བ་དྲན་པའི་ཚུལ་གྱིས་རྟོགས་པའི་རྟོག་པ་ཡིན་པའི་ཕྱིར། དེར་ཐལ། དེ་སྐད་དུ་ཡང་བཞི་བརྒྱ་པའི་འགྲེལ་པ་ལས། རྣམ་པར་ཤེས་པ་གཉིས་ཀྱིས་དོན་གཅིག་རྣམ་པར་ཤེས་པ་མ་ཡིན་ཏེ། གཅིག་ནི་ཡུལ་གྱི་རྣམ་པ་དངོས་སུ་གཅོད་པར་བྱེད་པ་སྟེ་གང་དང་པོར་སྐྱེ་བའོ། །གཉིས་པ་ནི་དངོས་སུ་བྱེད་པ་ཉིད་དུ་རྣམ་པར་ཤེས་པ་མ་ཡིན་ཏེ། དབང་པོའི་རྣམ་པར་ཤེས་པའི་སྟོབས་ཀྱིས་དེ་ལྟར་རྟོག་ཅིང་སྐྱེ་བ་ན། དེས་ཀྱང་དོན་དེ་རྣམ་པར་ཤེས་སོ་ཞེས་ཉེ་བར་འདོགས་སོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང༌། ཡིད་ཀྱི་མངོན་སུམ་མི་བཞེད་པ་མ་ཡིན་ཏེ། འགྲེལ་པ་དེ་ཉིད་ཀྱིས། ཚོར་བ་ལ་སོགས་པ་ལྟར་ཉམས་སུ་མྱོང་བའི་རྣམ་པ་ཡང་མ་ཡིན་ལ། གཟུགས་དང་སྒྲ་ལ་སོགས་པ་བཞིན་དབང་པོའི་སྒོ་ནས་ཡོངས་སུ་དཔྱད་པར་བྱ་བ་ཡང་མ་ཡིན་ནོ། །ཞེས་གསུངས་པས་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་སོགས་རང་ཡུལ་སིམ་གདུང་བར་མ་སོགས་ཉམས་སུ་མྱོང་བའི་སྒོ་ནས། རང་གི་གཞལ་བྱ་མངོན་གྱུར་ལ་མི་སླུ་བའི་ཡིད་ཀྱི་མངོན་སུམ་དུ་གསུངས་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཡིད་ཀྱི་མངོན་སུམ་ཚད་མ་

|; |@@@ | | }}