71224
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མུན་སེལ་སྐོར་གསུམ་གྱི་ཡ་གྱལ་གསང་སྙིང་སྤྱི་དོན་ཡིད་ཀྱི་མུན་སེལ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའམ། གཞུང་འདིའི་མཛད་བྱང་དུ་མཚན་གྱི་རྣམ་གྲངས་ལ་རྣལ་འབྱོར་པ་རྡོ་རྗེ་གཟི་བརྗིད་དུ་གྲགས་པ་གང་དེས། ཉིད་ཀྱི་དངོས་སློབ་བློ་གྲོས་བཟང་པོ་དང་། དགེ་བའི་འབྱུང་གནས་སོགས་ཀྱིས་བསྐུལ་ངོར། གངས་རི་ཐོད་དཀར་གྱི་མགུལ་སྙེ་ཕུ་ཤུག་གསེབ་ཙནྡན་གྱི་ནགས་ཁྲོད་དུ་བརྩམས་ཤིང་། ནང་དོན་བརྗོད་བྱའི་རིམ་པ་ནི། གཞུང་འདིའི་རྩོམ་པར་དམ་བཅའ་བའི་སྐབས། རྒྱུད་དོན་གསང་བའི་མདངས་བཀྲ་ཞིང་། །ལུང་རིགས་མན་ངག་འོད་སྟོང་འཕྲོ། །ཐར་གླིང་མ་ལུས་སྣང་བྱེད་པའི། །སྤྱི་དོན་ཡིད་ཀྱི་མུན་སེལ་བརྩམ། །ཞེས་གསུངས་པ་ལྟར། ལུང་རིགས་མན་ངག་གསུམ་གྱིས། རྒྱུད་རྒྱལ་གསང་བ་སྙིང་པོའི་གླེང་གཞི་དང་འབྲེལ་བ་བྱུང་ཚུལ་བརྒྱུད་པའི་ལོས་རྒྱུས་དང་། གླེང་བསླང་བ་དང་འབྲེལ་བ་བསྟན་པ་སྤྱིའི་རྣམ་བཞག རྒྱུད་དོན་དངོས་དང་འབྲེལ་བ་དོན་གྱི་རང་བཞིན་གཏན་ལ་དབབ་པ་གསུམ་དུ་བསྡུས་ནས་གསུངས་ཡོད། གཞུང་འདིའི་མཚན་རྒྱས་པར། དཔལ་གསང་བའི་སྙིང་པོའི་སྤྱི་དོན་ལེགས་པར་བཤད་པའི་སྣང་བས་ཡིད་ཀྱི་མུན་པ་ཐམས་ཅད་སེལ་བ་ཞེས་ཞུ། |
{{#arraymap:ཡིད་ཀྱི་མུན་སེལ་
|; |@@@ | | }}