71254

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་ཀྱི་སྤྱོད་པས་སྐྱོན་སྤངས་པ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ད་ལྟར་བྱུང་བ་དང་འདས་པའི་གནོད་པ་བྱེད་པ་མི་བཟོད་པའི་སྐྱོན། འཆབ་པ་དང་འགྱོད་པའི་གདུང་བས་སྡིག་པ་འཆབ་པའི་སྐྱོན། འདོད་པའི་ལོངས་སྤྱོད་དོན་དུ་གཉེར་བ་དང་ཁོན་གྱི་ཤ་གློན་པར་འདོད་པས་འདོད་པའི་སྐྱོན། ལྟ་བ་ངན་པ་ཡོངས་སུ་འཛིན་པ་དང་སྤོང་བ་ལ་སེམས་རྣམ་པར་འཁྲུལ་པས་བརྗེད་ངས་པའི་སྐྱོན། བདག་ཉིད་ཁྱད་དུ་གསོད་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་པའི་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོར་སྨོན་པ་རྣམ་པར་སྤོང་བ་དང༌། བསམ་པ་ཆུང་ངུས་སངས་རྒྱས་ཀྱི་ཆོས་མངོན་པར་སྒྲུབ་པས་ཆོས་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་འཇིག་རྟེན་པ་མ་ཡིན་པའི་ཕུན་སུམ་ཚོགས་པའི་ཁྱད་པར་ཁྱད་དུ་གསོད་ཅིང་དེར་སྨོན་པས་སྨོན་ལམ་གྱི་སྐྱོན་ནོ། །
Domain ཆོས་ལུགས།

{{#arraymap:ཡིད་ཀྱི་སྤྱོད་པས་སྐྱོན་སྤངས་པ་རྣམ་པ་ལྔ་

|; |@@@ | | }}