71256

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་ཀྱིས་སྡིག་བསགས་གཉེན་པོ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། ང་རྒྱལ་མེད་པ་ཞི་ཞིང་དུལ་བའི་ངང་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པའི་སྙིང་རྗེ་ལ་སོགས་ཚད་མེད་བཞི་དང་ལྡན་པ་ཡིད་ཀྱིས་བསམ་ལ། ལུས་ངག་གི་ལས་ཉོན་མོངས་པའི་དབང་དུ་མ་ཤོར་བར་རང་དང་གཞན་སེམས་ཅན་ཐམས་ཅད་མཐར་ཐུག་བདེ་བ་ཆེན་པོ་ཐོབ་པའི་ཆེད་དུ་སེམས་བསྐྱེད་པ་དང་སྐྱབས་སུ་འགྲོ་བ་ནི་གཉེན་པོ་སྟེ། ཀུན་འབྱུང་དབྱིངས་དག་ལས། ཡིད་ཀྱིས་སྡིག་བསགས་གཉེན་པོ་ནི། ཚད་མེད་བཞི་ལྡན་རྟག་ཏུ་བསམ། ཚུལ་ཁྲིམས་ལུས་ངག་བསྡོམ་པ་བསྐུལ། བྱང་ཆུབ་མཆོག་སེམས་རྒྱུན་དུ་བསྐྱེད། ཅེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཡིད་ཀྱིས་སྡིག་བསགས་གཉེན་པོ་

|; |@@@ | | }}