7126
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བོད་ཀྱི་སྐོར་འགོ་བཅོ་ལྔ་ལས་ས་བདག་མགོ་གསུམ་གྱི་གཟུགས་སམ་ཕྱག་རྒྱ་དབུས་སུ་བཀོད་པའི་རྩིས་གདན་སྟེང་དུ་བསྐོར་པའི་གཏོ་དཀར་ནག་ཁྲ་གསུམ་གྱི་རྩིས་ལ་ཟེར་བ་ཡིན། དེ་ཡང་བརྩི་བྱའི་ལོ་རྟགས་ཕོ་ལོ་ཡིན་ན་སྟག་སྡེ་ལྔ་ལས་རང་ལོའི་དབང་ཁམས་དབང་ཁམས་ཡིན་པ་དེ་དང་། མོ་ལོ་ཡིན་ན་ཡོས་སྡེ་ལྔ་ལས་རང་ལོའི་དབང་ཁམས་དབང་ཁམས་ཡིན་པ་དེ་སྐོར་འགོར་བཟུང་ཞིང་། སྐོར་འགོ་དེ་ནས་སྐྱེས་པ་ཡིན་ན་གཡས་བསྐོར་ལ་རང་ལོས་དུ་ལོན་དང་། བུད་མེད་ཡིན་ན་གཡོན་བསྐོར་ལ་རང་ལོས་དུ་ལོན་བགྲངས་ན་གང་དུ་འབབ་པའི་ལོག་མེན་ལྟ་བུ་དེ་རྩིས་གཞི་བྱས། རྩིས་གཞི་དེའི་ཡར་གྱི་བཞི་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་འཐབ་རྡེལ་ནི་སྐོར་འགོ་འདིའི་རྡེའུ་བརྒྱད་ཀྱི་དང་པོ་ཡིན་ཞིང་། རྡེའུ་དེས་གཏོ་དཀར་གྱིས་ས་བདག་མཆོད་མ་མཆོད་བརྟག་དགོས། རྡེའུ་ལ་དཀར་པོ་བྱུང་ན་མཆོད་པས་བཟང་། ནག་པོ་བྱུང་ན་མ་མཆོད་པས་མཆོང་ཅིང་གཟབ་དགོས། རྩིས་གཞི་དེའི་མར་གྱི་བཞི་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་རྡེའུ་ནི་གཉིས་པ་དེ་ཡིན་ཞིང་། རྡེའུ་དེས་གཏོ་ཁྲས་ས་བདག་འཁྲུགས་མ་འཁྲུགས་བརྟག་དགོས། རྡེའུ་ལ་དཀར་པོ་བྱུང་ན་མ་འཁྲུགས་པས་བཟང་། ནག་པོ་བྱུང་ན་འཁྲུགས་པས་འཁྲུགས་གཏོ་ཆེན་པོ་བྱ་དགོས། རྩིས་གཞི་དེའི་ཡར་གྱི་བཅུ་གཅིག་པའི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་རྡེའུ་ནི་གསུམ་པ་ཡིན་ཞིང་། རྡེའུ་དེས་གཏོ་ནག་གིས་རུ་ཏྲ་བསྒྲལ་མ་བསྒྲལ་ལ་བརྟག་དགོས། རྡེའུ་དཀར་པོ་བྱུང་ན་བསྒྲལ་བས་བཟང་། ནག་པོ་བྱུང་ན་མ་བསྒྲལ་བས་དགྲ་བཟློག་དང་དགྲ་གཏོ་ནག་པོ་བྱ་དགོས། རྩིས་གཞི་དེའི་མར་གྱི་བཅུ་གཅིག་པའི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་རྡེའུ་ནི་བཞི་པ་ཡིན་ཞིང་། རྡེའུ་དེས་མཚན་སྒྲས་དགྲ་བོ་བཏུལ་མ་བཏུལ་བརྟག་དགོས། རྡེའུ་དཀར་པོ་བྱུང་ན་བཏུལ་བས་བཟང་། ནག་པོ་བྱུང་ན་མ་བཏུལ་བས་དགྲ་སྲི་གནོན་དགོས། རྩིས་གཞི་དེའི་ཡར་གྱི་བདུན་པའི་སྲོག་ལ་བརྩི་བྱའི་སྲོག་གིས་འཐབ་པའི་རྡེའུ་ནི་ལྔ་པ་ཡིན་ཞིང་། རྡེའུ་དེས་མི་ཁ་གླེང་གཏོ་བཏང་མ་བཏང་བརྟག་དགོས། རྡེའུ་དཀར་པོ་བྱུང་ན་བཏང་བས་ཉེས་པ་མེད་ཅིང་ལྷ་དང་ཕྲད། ནག་པོ་བྱུང་ན་མ་བཏང་བས་ཁྲོམ་བཟློག་དང་། མི་ཁ་ཁྲོམ་བསྒྱུར། སླ་ང་ལྔ་པའི་གཏོ་ཡང་བྱ་དགོས། རྩིས་གཞི་དེའི་མར་གྱི་བདུན་པའི་ལུས་ལ་བརྩི་བྱའི་ལུས་ཀྱིས་འཐབ་པའི་རྡེའུ་ནི་དྲུག་པ་ཡིན་ཞིང་། རྡེའུ་དེས་ཕོ་བརྒྱུད་ཁྲོམ་བཟློག་བྱས་མ་བྱས་ལ་བརྟག་དགོས། རྡེའུ་དཀར་པོ་བྱུང་ན་ཁྲོམ་བཟློག་བྱས་པས་བཟང་། ནག་པོ་བྱུང་ན་ཁྲོམ་བཟློག་མ་བྱས་པས་ཕོ་བརྒྱུད་བཟློག་པར་འབད་དགོས། རྩིས་གཞི་དེ་ཉིད་ཀྱི་དབང་ཁམས་ལ་བརྩི་བྱའི་དབང་ཁམས་ཀྱིས་འཐབ་པའི་རྡེའུ་ནི་བདུན་པ་ཡིན་ཞིང་། རྡེའུ་དེས་མོ་བརྒྱུད་མཐུན་བཟློག་བྱས་མ་བྱས་ལ་བརྟག་དགོས། རྡེའུ་ལ་དཀར་པོ་བྱུང་ན་བྱས་པས་བཟང་། ནག་པོ་བྱུང་ན་མ་བྱས་པས་བཟློག་པའི་རིགས་ལ་འབད་དགོས། རྩིས་གཞི་དེ་ཉིད་ཀྱི་ཀླུང་རྟར་བརྩི་བྱའི་ཀླུང་རྟས་འཐབ་པའི་རྡེལ་ནི་བརྒྱད་པ་ཡིན་ཞིང་། རྡེའུ་དེས་ས་བདག་འགྲོ་ལམ་བཅོས་མ་བཅོས་བརྟག་དགོས། རྡེའུ་ལ་དཀར་པོ་བྱུང་ན་མ་བཅོས་པས་གཏོ་རིམ་ལ་འབད་དགོས། |
Domain | རྩིས་རིག |
{{#arraymap:གཏོ་དང་ཆོ་གའི་རྩིས་
|; |@@@ | | }}