71276

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་ཅེས་བྱ་བ་ནི་གནས་སུ་གྱུར་པའི་རྣམ་པར་ཤེས་པ་ལ་བྱ་བ་དེའི་གནས་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ ས་བོན་གྱི་གནས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དོ། །༢ འབྱུང་བའི་སྒོ་འབྱེད་པའི་གནས་ནི་རྣམ་པར་ཤེས་པ་རྣམས་འགགས་མ་ཐག་པའོ། །༣ འཆིང་བའི་གནས་ནི་ཉོན་མོངས་ཅན་གྱི་ཡིད་དེ། དེ་མ་འགགས་ན་རྣམ་པར་རིག་པའི་འཆིང་བ་ནི་གྲོལ་བའི་ཕྱིར་རོ། །༤ ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གནས་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། འདོད་ཆགས་ལ་སོགས་པ་དང་། དད་པ་ལ་སོགས་པ་གནས་ཡིན་པའི་ཕྱིར་ཏེ། དེ་ལྟར་ན་ཡིད་ཅེས་བྱ་བའི་སྒྲས་རྣམ་པར་ཤེས་པ་ཐམས་ཅད་བསྡུས་པ་ཡང་བསྟན་པའོ། །
Domain ཆོས་ལུགས།

{{#arraymap:ཡིད་ཅེས་བྱ་བ་ནི་གནས་སུ་གྱུར་པའི་རྣམ་པར་ཤེས་པ་ལ་བྱ་བ་དེའི་གནས་རྣམ་པ་བཞི་

|; |@@@ | | }}