71283
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཡིད་ཆེས་ཀྱི་རྟགས་ཡང་དག་གི་མཚན་ཉིད། (ཚུལ་གསུམ་ཚང་བའི་གཏན་ཚིགས་)གང་ཞིག །དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིན་ན། དེ་ཚུར་མཐོང་གི་ཚད་མས་འགྲུབ་པ་ངེས་པར་ལུང་ལ་བལྟོས་པ། |
Example | སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་སྒྲུབ་པ་ལ། དཔྱད་པ་གསུམ་གྱིས་དག་པའི་ལུང་བཀོད་པ་ལྟ་བུའོ། །ཞེས་གསུངས། |
Domain | ཚད་མ། |
{{#arraymap:ཡིད་ཆེས་ཀྱི་རྟགས་ཡང་དག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྟགས་ཡང་དག་གང་ཞིག་ལ་རང་གི་བསྒྲུབ་བྱ་དངོས་པོའི་སྟོབས་ཤུགས་ཀྱིས་དཔོག་པར་མི་ནུས་ཤིང་ཡིད་ཆེས་པའི་ལུང་གི་རྟགས་ལ་བརྟེན་ནས་དཔོག་དགོས་པ་ཞིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། བཞི་བ་རྟགས་ཡང་དག་ལ་བསྒྲུབ་བྱའི་སྒོ་ནས་དབྱེ་ན། དངོས་སྟོབས་ཀྱི་རྟགས་ཡང་དག གྲགས་པའི་རྟགས་ཡང་དག ཡིད་ཆེས་ཀྱི་རྟགས་ཡང་དག་དང་གསུམ་ལས། ཞེས་དང། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱ་ཡིད་ཆེས་རྗེས་དཔག་ཚད་མར་སོང་བའི་གཞལ་བྱ་ཡིན་པ་དེ་གསུམ་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར་དང། གསུམ་པ་ལ་ཡང་གསུམ་ལས། མཚན་གཞི་རིམ་པ་ལྟར། དཔྱད་གསུམ་གྱིས་དག་པའི་ལུང་དེ། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། ཞེས་པའི་ལུང་རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བར་སྒྲུབ་པའི་ཡིད་ཆེས་ཀྱི་འབྲས་རྟགས་ཡང་དག་དང་། དེ་དེ་འདྲའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་ཡིད་ཆེས་ཀྱི་རང་བཞིན་གྱི་རྟགས་ཡང་དག་དང། དེ་དེ་འདྲའི་ལུང་རང་གི་བསྟན་བྱའི་དོན་ལ་བསླུ་བ་མ་ཡིན་པར་སྒྲུབ་པའི་ཡིད་ཆེས་ཀྱི་མ་དམིགས་པའི་རྟགས་ཡང་དག་ཡིན། ཞེས་གསུངས་པའི་ཕྱིར། |
{{#arraymap:ཡིད་ཆེས་ཀྱི་རྟགས་ཡང་དག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཚན་ཉིད་ནི། རང་གི་ཞེ་འདོད་ཀྱི་བསྒྲུབ་བྱ་ཤིན་ལྐོག་བསྒྲུབ་པ་ལ་ཚུལ་གསུམ་ཚང་བའི་འབྲས་རྟགས་གང་ཞིག ལུང་ཚིག་རྟགས་སུ་སོང་བའོ། །མཚན་གཞི་ནི། བཀའ་བརྒྱད་སྟོང་པ་ཆོས་ཅན། རང་གི་བསྟན་དོན་རྟོགས་པའི་ཚད་མ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། དཔྱད་གསུམ་གྱི་དག་པའི་ལུང་ཡིན་པའི་ཕྱིར་རོ། །དཔྱད་གསུམ་དག་པའི་དོན་ནི། མངོན་གྱུར་སྟོན་པ་ལ་མངོན་སུམ་གྱིས་གནོད་པ་མེད། ལྐོག་གྱུར་གྱི་གཙོ་བོ་འཕགས་པའི་བདེན་བཞི་སྟོན་པ་ལ། དངོས་སྟོབས་རྗེས་དཔག་གིས་གནོད་པ་མེད། ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་རང་ཚིག་དངོས་ཤུགས་དང་། ཁས་བླངས་སྔ་ཕྱི་འགལ་བ་མེད་པ་སྟེ། འདིའི་ཆོས་ཅན་དུ་གཟུང་བར་བྱ་བ་ལ་གཞལ་བྱའི་གནས་གསུམ་ཆར་སྟོན་པ་ཞིག་དགོས་པའི་ཕྱིར་རོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། |
{{#arraymap:ཡིད་ཆེས་ཀྱི་རྟགས་ཡང་དག་
|; |@@@ | | }}