71286

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་ཆེས་པ་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition ༡ རྒྱུད་ལ་ཡིད་ཆེས་པ་ནི། རྫོགས་པའི་སངས་རྒྱས་ཀྱིས་ཞལ་ནས་གསུངས་ངེས་པའི་རྒྱུད་རྣམ་པར་དག་པའི་དངོས་བསྟན་ཚིག་ཟིན་ལས་ཐོན་པའི་ངེས་དོན་གྱི་མན་ངག་ཏུ་ཡིད་ཆེས་པ་མཁས་གྲུབ་ཚད་ལྡན་གྱིས་བཀྲལ་བའི་དོན་ནོ། །༢ བླ་མ་ལ་ཡིད་ཆེས་པ་ནི། དེ་ལྟ་བུའི་ཆོས་དེ་སངས་རྒྱས་ནས་རང་ཉིད་ཀྱི་བར་དུ་བླ་མ་བརྒྱུད་པ་མ་ཆད་ཅིང་། ལམ་འདི་ལ་བརྟེན་ནས་གྲུབ་པ་ཐོབ་པའམ། རྒྱུད་དང་མཐུན་པར་ཉམས་མྱོང་ཁྱད་པར་ཅན་ཤར་བའི་བྱིན་རླབས་མ་ཉམས་པར་ཡིད་ཆེས་པའོ། །༣ བདག་ཉིད་ལ་ཡིད་ཆེས་པ་ནི། རང་གི་བསྒོམས་པས་ཉམས་མྱོང་ཤར་ཞིང་ཤར་བ་དེའང་རྒྱུད་ནས་བཤད་པ་དང་མཐུན་པ་དང་། བླ་མས་ཇི་སྐད་བསྟན་པ་བཞིན་དུ་གྱུར་པས་ཉམས་མྱོང་དང་རྒྱུད་དང་མན་ངག་གསུམ་ལ་ཡིད་ཆེས་ཐོབ་པའོ། །འདི་གསུམ་གྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལམ་ཡོངས་སུ་རྫོགས་པར་འགྱུར་རོ། །
Domain ཆོས་ལུགས།

{{#arraymap:ཡིད་ཆེས་པ་རྣམ་པ་གསུམ་

|; |@@@ | | }}