71291

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་ཆེས་རྗེས་དཔག་ (1)
Part of speech མིང་ཚིག
Definition ཡིད་ཆེས་པའི་ལུང་ལ་བརྟེན་ནས་སྐྱེས་པའི་ཡུལ་རྟོགས་པའི་རྟོག་བློ་ཞིག རང་གི་རྟེན་ཡིད་ཆེས་ཀྱི་རྟགས་ཡང་དག་ལ་བརྟེན་ནས་རང་གི་གཞལ་བྱ་ཤིན་ལྐོག་ལ་མི་སླུ་བའི་ཞེན་རིག། དང་པོའི་མཚན་ཉིད། མཚན་གཞི་ནི། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱིས་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་སླུ་བར་རྟོགས་པའི་རྗེས་དཔག་ལྟ་བུ།
Domain ཚད་མ།

{{#arraymap:ཡིད་ཆེས་རྗེས་དཔག་

|; |@@@ | | }}

ཡིད་ཆེས་རྗེས་དཔག་ (2)
Part of speech མིང་ཚིག
Definition རང་གི་རྟེན་དུ་གྱུར་པའི་དཔྱད་པ་གསུམ་གྱིས་དག་པའི་ལུང་གི་རྟགས་ལ་བརྟེན་ནས་རང་གི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་མི་བསླུ་བའི་རྗེས་དཔག་ཅིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། ཡིད་ཆེས་རྗེས་དཔག་གི་མཚན་གཞིར། དཔྱད་གསུམ་གྱི་དག་པའི་ལུང་གི་རྟགས་ལས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱི་བདེ། །ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རྟོགས་པའི་རྗེས་དཔག་ལྟ་བུའོ། །ཞེས་གསུངས།

{{#arraymap:ཡིད་ཆེས་རྗེས་དཔག་

|; |@@@ | | }}