71303

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་དབང་ (1)
Part of speech མིང་ཚིག
Definition ཡིད་ཀྱི་དབང་པོ་སྟེ། རྣམ་ཤེས་ཚོགས་དྲུག་གང་ཡང་རུང་བ་འགག་མ་ཐག་པ་ཡིད་ཤེས་སྐྱེ་བའི་རྟེན་དུ་གྱུར་པ་སྟེ། དཔེར་ན་བུམ་འཛིན་མིག་ཤེས་སོགས་གང་ཡང་རུང་བ་འགག་མ་ཐག་པ་ནི་བུམ་འཛིན་ཡིད་ཤེས་སྐད་ཅིག་དང་པོའི་ཡིད་དབང་ཡིན་ཞིང༌། ཡིད་ཤེས་སྐད་ཅིག་དང་པོ་འགག་མ་ཐག་པ་ནི་སྐད་ཅིག་གཉིས་པའི་ཡིད་དབང་ཡིན་པ་ལྟ་བུའོ། །
Domain ཆོས་ལུགས།

{{#arraymap:ཡིད་དབང་

|; |@@@ | | }}

ཡིད་དབང་ (2)
Part of speech མིང་ཚིག
Definition དབང་པོ་ཉི་ཤུ་རྩ་གཉིས་ཀྱི་ནང་གསེས་ཤིག་ཏེ། ཡང་དག་པར་འཛིན་པ་དག་ལ་དབང་བྱེད་ལ། ཡིད་ནི་དོན་ཐམས་ཅད་ལ་དམིགས་པར་བྱ་བ་ལ་ལྷག་པར་དབང་བྱེད་པའི་ཕྱིར་དབང་པོའོ། །

{{#arraymap:ཡིད་དབང་

|; |@@@ | | }}