71327
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། སྨོན་ལམ་ཕར་ཕྱིན་གྱི་སྟོབས་ཀྱིས་སེམས་ཅན་གྱི་རྒྱུད་སྨིན་པར་བྱེད་པའི་སེམས་བསྐྱེད་ཅིག་ལ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སེམས་བསྐྱེད་ཅེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། སྨོན་ལམ་དང་ལྡན་པ་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་ཏེ། མངོན་ཤེས་ལྔས་ཇི་ལྟར་སྨིན་པའི་འབྲས་བུ་འགྲུབ་པའི་ཕྱིར། ཞེས་གསུངས། ས་མཚམས་ནི། ས་བརྒྱད་པ་ནས་ཐོབ་པར་འདོད་དོ། ། |
Domain | ཆོས་ལུགས། |
{{#arraymap:ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སེམས་བསྐྱེད་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྨོན་ལམ་གྱི་ཕར་ཕྱིན་དང་མཚུངས་ལྡན་གྱི་སེམས་ཆོས་ཅན། ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་ཏེ། ཅི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའི་ཕྱིར། འདི་མངོན་ཤེས་ལྔ་མི་ཟད་པའོ། །ཞེས་གཡག་སྟོན་གྱི་རྒྱན་འགྲེལ་རིན་དབང་རྒྱལ་པོ་ལས། སྨོན་ལམ་དང་ལྡན་པ་ནི། ཡིད་བཞིན་གྱི་ནོར་བུ་ལྟ་བུ་སྟེ། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པས་སོ། །ཞེས་ཀུན་མཁྱེན་རོང་སྟོན་གྱིས་རྣམ་བཤད་ཚིག་དོན་རབ་གསལ་ལས་གསུངས་སོ། ། |
{{#arraymap:ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སེམས་བསྐྱེད་
|; |@@@ | | }}