71331

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་བཞིན་ནོར་བུ་ (1)
Part of speech མིང་ཚིག
Definition ལྷ་དང་ཀླུ་སོགས་ཀྱི་ཁྱད་ནོར་ཡིད་ལ་གང་འདོད་པ་ལྟར་འབྱུང་བའི་རིན་པོ་ཆེ་ཞིག
Example རྒྱ་མཚོའི་གླིང་ནས་ཡིད་བཞིན་ནོར་བུ་རྙེད་ལྟ་བུ།

{{#arraymap:ཡིད་བཞིན་ནོར་བུ་

|; |@@@ | | }}

ཡིད་བཞིན་ནོར་བུ་ (2)
Part of speech མིང་ཚིག
Definition འདི་ལ་རྫས་ཀྱི་ཡིད་བཞིན་ནོར་བུ་དང་། དོན་དམ་པའི་ཡིད་བཞིན་ནོར་བུ་གཉིས་སུ་སྣང་སྟེ། དང་པོ་ནི་ནམ་རྒྱུན་བོད་པའི་རི་མོའི་སྒྱུ་རྩལ་ཁྲོད་བྲིས་པའི་ནོར་བུ་དེ་ཡིན་པས། དེ་ཡང་གཙོ་བོ་ལྷ་ཀླུས་དབང་བའི་བསམ་པའི་རེ་འདོད་ཅི་ལྟར་སྨོན་ལམ་བཏབ་ན་འགྲུབ་ཐུབ་པའི་རིན་པོ་ཆེ་རིན་ཐང་ཅན་ཞིག་ཡིན། དེ་ལ་རིགས་མ་འདྲ་བ་དང་ཁ་དོག་མ་འདྲ་བ་ཡོད་མོད། གཉིས་པ། དོན་དམ་པའི་ཡིད་བཞིན་ནོར་བུ་ནི། མྱང་འདས་ཀྱི་ཡོན་ཏན་ལ་སོགས་ཐོབ་པའི་ཐབས་སམ་ཆ་རྐྱེན་ཁྱད་པར་ཅན་ཞིག་གོ་ཡོད། དེ་ལ་དཀར་ལ་འཚེར་བ་དང་། དམར་ལ་གདངས་བ། སྣུམ་ལ་འདྲིལ་བ་གསུམ་ལ་སྦྱར་ནས་གསུང་ཡོད་དེ། གཟུངས་སྡེ་རིན་ཆེན་ལས། སྨུག་པོ་བསམ་པ་ཡིད་བཞིན་དུ། གྲུབ་པའི་ཏིང་འཛིན་རིན་པོ་ཆེ། དམར་ལ་སྨོན་ལམ་བཏབ་བཞིན་དུ། གྲུབ་པས་གཟུངས་སྔགས་རིན་པོ་ཆེ། དཀར་ལ་བྱ་བ་བརྩོན་བཞིན་དུ། གྲུབ་པའི་མཆོད་རྟེན་རིན་པོ་ཆེ། ཞེས་སོ། །དེ་ཡང་རྣམ་རྒྱལ་ལྷའི་སྐུ་རུ་བཞེངས་པའི་སྐུ་བརྙེན་དང། རྣམ་རྒྱལ་མཆོད་རྟེན་རྣམས་ནོར་བུ་དཀར་ལ་འཚེར་བ་ཡིན་པ་དང་། རྣམ་རྒྱལ་བའི་ཡན་ལག་གི་བསྙེན་འཛབ་གཟུངས་རྣམས་ནོར་བུ་དམར་ལ་གདང་བ་ཡིན་པ་དང་། རྣམ་རྒྱལ་གཙོ་འཁོར་གྱི་བསྐྱེད་རིམ་མངོན་རྟོགས་ཏིང་འཛིན་བསྒོམ་པ་ནི་ནོར་བུ་སྨུག་ལ་འདྲིལ་པ་ཡིན་པར་རྣམ་རྒྱལ་སྟོང་མཆོད་སོགས་ཀྱི་ལག་ལེན་དྭངས་ཤེལ་མེ་ལོང་ལས་གསུངས་པས་སོ། །

{{#arraymap:ཡིད་བཞིན་ནོར་བུ་

|; |@@@ | | }}

ཡིད་བཞིན་ནོར་བུ་ (3)
Part of speech མིང་ཚིག
Definition སྤྱན་རས་གཟིགས་ཀྱི་མཚན་ཏེ། ཡོན་ཏན་གྱི་ཆེ་བ་བརྗོད་པའི་སྒོ་ནས་བཏགས་པས་ནའོ། །
Type མངོན་བརྗོད།

{{#arraymap:ཡིད་བཞིན་ནོར་བུ་

|; |@@@ | | }}