71333

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་བཞིན་ནོར་བུའི་ཆོས་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཡིད་བཞིན་ནོར་བུའི་ཆོས་བརྒྱད་ནི། དེ་བཞིན་གཤེགས་པས་འགྲོ་བའི་དོན་ཇི་ལྟར་མཛད་ཚུལ་མཚོན་བྱེད་ཀྱི་དཔེ་ཡིད་བཞིན་ནོར་བུའི་ཆོས་བརྒྱད་དེ། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ལས། འགྲོ་བའི་དོན་ཇི་ལྟར་མཛད་ན། ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་བདག ། དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག ། བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །ཞེས་སྨོས་ཏེ། གཞན་དོན་འབྱུང་བའི་དཔེ་ཡིད་བཞིན་ནོར་བུ་ལ་ཡང་ཆོས་བརྒྱད་དེ། སེམས་ཅན་གྱི་དོན་དགོས་འདོད་འབྱུང་བ་དང་། དེ་ཡང་གསོལ་བ་མ་བཏབ་ན་མི་འབྱུང་བ་དང་། བཏབ་ན་འབྱུང་བ་དང་། དུས་སུ་འབྱུང་བ་དང་། ཇི་ལྟར་འཚམས་པར་འབྱུང་བ་དང་། ཟད་མི་ཤེས་པར་འབྱུང་བ་དང་། རྟོག་པ་མེད་པར་འབྱུང་བ་དང་། ཕྱིས་ལན་ལ་རེ་བ་མེད་པའོ། །དེ་དང་འདྲ་བའི་ཡོན་ཏན་རིན་པོ་ཆེ་ལྟ་བུ་དེས་ཀུན་ལ་ཁྱབ་པའི་བདག་ཉིད་དོ། །ཞེས་གསུངས། དཔག་བསམ་ཤིང་དང་བུམ་པ་བཟང་པོའི་ཆོས་བཅུའི་སྐབས་སུའང་གཟིགས།
Domain ཆོས་ལུགས།

{{#arraymap:ཡིད་བཞིན་ནོར་བུའི་ཆོས་བརྒྱད་

|; |@@@ | | }}