71362
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། ཉོན་མོངས་རྣམ་སྦྱོང་གི་ཡིད་བྱེད་དེ་ལ་བདུན་ཡོད་དེ། དེ་ལ་འདོད་པའི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར། རབ་ཏུ་བརྩོན་པའི་རྣལ་འབྱོར་པ་ནི་ཡིད་ལ་བྱེད་པ་རྣམ་པ་བདུན་གྱིས་འདོད་པའི་འདོད་ཆགས་དང་བྲལ་བ་རྗེས་སུ་ཐོབ། བདུན་པོ་དེ་དག་ཀྱང་གང་ཞེ་ན། མཚན་ཉིད་སོ་སོ་རིགས་པ་དང༌། མོས་པ་ལས་བྱུང་བ་དང༌། རབ་ཏུ་དབེན་པ་དང༌། དགའ་བ་བསྡུད་པ་དང༌། དཔྱོད་པའི་ཡིད་ལ་བྱེད་པ་དང༌། སྦྱོར་བ་མཐར་ཐུག་པ་ཡིད་ལ་བྱེད་པ་དང༌། སྦྱོར་བ་མཐར་ཐུག་པའི་འབྲས་བུ་ཡིད་ལ་བྱེད་པའོ། །ཡིད་བྱེད་དང་པོ་ནི་འདོད་པ་རྣམས་ལ་རགས་པ་དང༌། བསམ་གཏན་དང་པོ་ལ་ཞི་བའི་རྣམ་པར་ཐོས་བསམ་འདྲེས་མའི་ཤེས་རབ་ཀྱིས་དཔྱོད་པར་བྱེད་པ་དང༌། གཉིས་པ་ནི། དེ་རྗེས་ཞི་རགས་ཀྱི་རྣམ་པར་ལྷག་མཐོང་ལ་བརྟེན་ནས་དཔྱོད་པ་དང༌། གསུམ་པ་ནི། དེ་རྗེས་འདོད་པའི་ཉོན་མོངས་པ་ཆེན་པོ་སྐོར་གསུམ་སྤོང་བར་བྱེད་པ་དང༌། བཞི་པ་ནི། དེ་རྗེས་འདོད་ཉོན་མོངས་འབྲིང་སྐོར་གསུམ་སྤོང་བར་བྱེད་པ་དང༌། ལྔ་པ་ནི། དེ་རྗེས་འདོད་ཉོན་མོངས་སྤངས་མ་སྤངས་དཔྱོད་པ་དང༌། དྲུག་པ་ནི། དེ་རྗེས་འདོད་ཉོན་མོངས་ཆུང་ངུ་སྐོར་གསུམ་སྤོང་བར་བྱེད་པ་དང༌། བདུན་པ་ནི། དེ་རྗེས་འདོད་ཉོན་མོངས་ཆུང་ངུ་སྐོར་གསུམ་སྤོང་བའི་ཡིད་བྱེད་ཡིན། |
Domain | ཆོས་ལུགས། |
{{#arraymap:ཡིད་བྱེད་བདུན་
|; |@@@ | | }}