714

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀརྨ་མཁྱེན་རབ་དབང་ཕྱུག་ (1)
Part of speech མིང་ཚིག
Definition ཁོང་ནི་བླ་ཁྱབ་དགོན་པའི་ངག་དབང་འཕྲིན་ལས་ཀྱི་སྐུ་འཕྲེང་གཉིས་པ་ཡིན། ཨར་སྒོམ་གྱི་གདུང་རིགས་སུ་སྐུ་འཁྲུངས། དབོན་གུ་རུ་དྷརྨ་ཙཀྲ་ལས་འབའ་རོམ་ལུགས་ཀྱི་ཆོས་སྐོར་དང་གདམས་ངག་མཐའ་དག་ལ་གསན་སྒོམ་མཛད། སི་ཏུ་དྷརྨཱ་ཀ་རའི་ཞབས་པད་གཙུག་ཏུ་བསྟེན་ནས་གསུང་གི་བདུད་རྩི་མྱང་སྒྲུབ་པས་བསྙེན་བཀུར་བའི་དམ་བཅའ་ཕུལ་ཏེ་བཅད་སྦྱར་ཡུན་རིང་བཞུགས་པས་ངེས་པའི་གནས་ལ་རང་བྱན་ཚུད་བསྟན་དགོན་འཛིན་སྐྱོང་སྤེལ་གསུམ་དང་བསྡུ་དངོས་བཞིས་གཞན་དོན་ལྷུར་བཞེས་གནང་། མཐར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། །