71404

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་འཕྲོག་མ་ (1)
Part of speech མིང་ཚིག
Definition མཛེས་མ་སྟེ། སྐྱེས་པ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པས་སོ།
Type མངོན་བརྗོད།
ཡིད་འཕྲོག་མ་ (2)
Part of speech མིང་ཚིག
Definition ཡིད་འཕྲོག་ལྷ་མོ་སྟེ། བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ཀྱི་ནང་གི་ཆོས་རྒྱལ་ནོར་བཟང་གི་བཙུན་མོ།
ཡིད་འཕྲོག་མ་ (3)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཡིད་འཕྲོག་མ་ནི། ཕྱོགས་བཅུའི་མུན་སེལ་ལས། དཔལ་མོ་སྟེ་འདོད་ལྷ་ཀ་མ་དེ་ཝའི་ཆུང་མའོ། །དེའི་གཟུགས་མཛེས་པས་ཐམས་ཅད་ཀྱིས་མཐོང་ན་དོན་འཆོར་བར་བྱེད་པས་དེ་སྐད་གྲགས་སོ། །ཞེས་གསུངས། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན།
Domain ཆོས་ལུགས།