From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡིད་འོང་ (1)
| Part of speech
|
མིང་ཚིག
|
| Definition
|
སེམས་ལ་སོང་བའམ་བློ་ལ་བབ་པའི་དོན་ཏེ། ཡིད་དུ་འོང་བའི་བསྡུས་ཚིག
|
| Example
|
ཡིད་འོང་མེ་ཏོག་སེར་ཆེན། །གཡུ་སྦྲང་སེམས་རྟེན་ཉན་ན། །དྲག་ཆར་རླུང་འཚུབ་རྒོད་ཅིང་། །ཚེ་དང་སྲོག་གིས་སྲུང་ཆོག ། ཅེས་དང་། མཛེས་ཤིང་ཡིད་དུ་འོང་བའི་རི་ཆུ་ཞེས་པ་ལྟ་བུ།
|
ཡིད་འོང་ (2)
| Part of speech
|
མིང་ཚིག
|
| Definition
|
སྤོ་བོ་ཡིད་འོང་སྟེ། ས་ཆ་ཞིག་གི་མིང་ཡིན་ལ། སྤོ་བོ་རྫོང་གི་ནུབ་རྒྱུད་དུ་ཡོད།
|
ཡིད་འོང་ (3)
| Part of speech
|
མིང་ཚིག
|
| Definition
|
གསེར་ཏེ། རིན་ཐང་དང་ཁ་དོག་བཅས་ཡིད་དུ་འོང་བས་ནའོ། །
|
| Type
|
མངོན་བརྗོད།
|