71454

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིད་ཤེས་ (1)
Part of speech མིང་ཚིག
Definition ཡིད་ཤེས་ཞེས་པ་ནི། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་ཤེས་པ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། ཤེས་པ་གང་ཞིག རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་ཡིད་དབང་ལ་བརྟེན་ནས་སྐྱེས་པའི་རིག་པ་ཡིད་ཤེས་ཀྱི་མཚན་ཉིད། ཡིད་ཤེས་ལ་དབྱེ་ན། རྟོག་པར་གྱུར་པའི་ཡིད་ཤེས་དང། རྟོག་མེད་དུ་གྱུར་པའི་ཡིད་ཤེས་གཉིས་ལས། རྟོག་པ་ཡིན་ན་རྟོག་པར་གྱུར་པའི་ཡིད་ཤེས་ཡིན་པས་ཁྱབ། ཡིད་ཤེས་ལ་་རྟོག་པ་དང་། རྟོག་མེད་ཀྱི་ཤེས་པ་གཉིས་ཡོད་ཀྱང། དབང་ཤེས་ཡིན་ན་རྟོག་མེད་ཀྱི་ཤེས་པ་ཡིན་པས་ཁྱབ་པ་འདི་ནི་རང་སྡེ་བྱེ་བྲག་སྨྲ་བ་ནས་ཐལ་འགྱུར་བའི་བར་ཐམས་ཅད་ཀྱི་ཁས་ལེན་པ་ཡིན་ནོ། །ཞེས་གསུངས།
Domain ཚད་མ།