From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡིན་པ་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྙིང་མ། ནད་ལྔ་སེལ་བའི་སྨན་ཡིན་པ། ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་རྫས་ཡིན་པ། རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པའོ། །
|
| Domain
|
ཆོས་ལུགས།
|
ཡིན་པ་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག རྙིང་མ། རྒྱུད་ཡིན་པ་དང། ལུང་ཡིན་པ་དང། མན་ངག་ཡིན་པ་བཅས་གསུམ་མོ། །གསུམ་པོ་འདི་རྒྱུད་འཆད་སའི་དབང་པོ་འབྲིང་ལ་རྣམ་པར་ཕྱེ་བས། གོ་བ་ལ་ཡིན་པ་གསུམ་གྱི་སྒོ་ནས་འཆད་ཐབས་མི་འདྲ་གསུམ་ཡོད་པ་སྟེ། མདོ་འགྲེལ་མུན་པའི་གོ་ཆ་ལས། རྣམ་པར་དབྱེ་བས་གོ་བའི་དབང་དུ་ནི། ཡིན་པ་གསུམ་སྟེ། རྒྱུད་ཡིན་པ་དང༌། ལུང་ཡིན་པ་དང༌། མན་ངག་ཡིན་པའོ། །ཞེས་གསུངས་སོ། །
|