71505

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡིས་ (1)
Part of speech ཕྲད་ཚིག
Definition བྱེད་པའམ་བྱེད་པ་པོ་སྟོན་བྱེད་ཀྱི་ཕྲད་ཅིག་སྟེ། མིང་མཐའ་སྦྱོར་ཚུལ་ནི་མཐའ་མེད་དང་འ་ཡིག་གི་རྗེས་སུ་ཡིས་སྦྱོར་དགོས།
Keyword True
Example བླ་མ་ཡིས་ཆོས་གསུངས། སློབ་བུས་ཉན་ལྟ་བུ།
ཡིས་ (2)
Part of speech ཕྲད་ཚིག
Definition བྱེད་པ་པོ་དངོས་མིན་ཡང་ས་ཆུ་མེ་རླུང་སོགས་རང་བྱུང་ཁམས་ཀྱི་དངོས་པོ་དག་གིས་བྱ་བ་གང་ཞིག་བྱེད་པ་སྟོན་བྱེད་ཀྱི་ཕྲད་ཅིག་སྟེ། མིང་མཐའ་སྦྱོར་ཚུལ་ནི་མཐའ་མེད་དང་འ་ཡིག་གི་རྗེས་སུ་ཡིས་སྦྱོར་དགོས།
Keyword True
Example ཆུ་ཡིས་ཁྱེར། མེ་ཡིས་བསྲེགས་ལྟ་བུ།
ཡིས་ (3)
Part of speech ཕྲད་ཚིག
Definition ཚད་སྟོན་བྱེད་ཀྱི་ཕྲད་སྟེ། མིང་མཐའ་སྦྱོར་ཚུལ་ནི་མཐའ་མེད་དང་འ་ཡིག་གི་རྗེས་སུ་ཡིས་སྦྱོར་དགོས།
Keyword True
Example སོར་ལྔ་ཡིས་ཐུང་བ་ལྟ་བུ།