71514

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུ་གུ་ཤིང་དཀར་པོ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཐལ་མདོག་ཤིང་རྒྱུ་འདྲ་བ་སོབ་སོབ་ས་ལོག་ཏུ་ཁྱབ་པར་རུལ་བའི་རྣམ་པ་ཡོད་པ། སྡོང་པོ་འདྲོང་པོར་སྐྱེ་ཞིང་སྟོད་ཆར་ཡལ་ག་གཏོང་བ། སྡོང་རྐང་ཡངས་ལ་སྤུ་མཉེན་ཐུང་བ་དཀར་པོས་ཁྱབ་ཡོད། ལོ་མ་རེས་མོས་སྐྱ་བ། ལོ་ལྷེབ་སྒོར་ནར་དབྱིབས་ནས་ཞེང་ཆེ་བའི་སྙུང་ལེབ་དབྱིབས་ཆགས་པ། མཐའ་ལ་ངེས་གཏན་ཡོད་པའི་ཟུར་གསུམ་དབྱིབས་ཀྱི་སོག་ལེའི་སོ་འདྲ་བ་ཡོད། རྩེ་རིམ་བཞིན་རྣོ་རུ་ཕྱིན་། སྨད་ཆ་ཕུར་དབྱིབས་རྐང་ཡོད། གདུགས་འཁྱིལ་མེ་ཏོག་བང་རིམ་གྱི་སྙུང་རིལ་ལྟ་བུའི་མེ་ཏོག་བང་རིམ་ཆགས་པ་རྩེར་ཤར་བ། མེ་ཏོག་གི་མདོག་སེར་པོ་ཡིན། ལྕེ་དབྱིབས་མེ་ཏོག་དེ་སྐྱེ་ནུས་ཤིན་ཏུ་ཉམས་པ། སྦུགས་མདོང་དབྱིབས་ཀྱི་མེ་ཏོག་མཚན་གཉིས་མ་ཡིན། མེ་ཏོག་བང་རིམ་འོག་གི་ལོ་ཆུང་རིམ་པ་གཅིག་ཡོད། སྐམ་ཚག་འབྲས་བུ་སྤུ་རིང་པོ་ཡོད།
Domain གསོ་རིག