71515

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུ་གུ་ཤིང་ནག་པོ་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཕྲ་ལ་རིང་བ་ཀ་རིལ་དབྱིབས། དེ་འཕྲེད་ལ་སྐྱེ་བ་དང་ཨ་ར་འདྲ་བའི་རྩ་བ་མང་པོ་ཡོད། སྡོང་པོ་ནས་ཡལ་ག་གཏོང་བ་དང་གཞུང་ལ་ཤུར་ཡོད། ལོ་མ་ཁ་སྤྲོད་སྐྱེ་བ། ཡ་གྲངས་སྒྲོ་དབྱིབས་མང་ལོ་ཡིན། སྤྱིར་བཏང་ལོ་མ་ཆུང་ཆུང་ལྔ་ནས་བདུན་ཙམ་ཡོད། དེ་སྒོར་ནར་ལྟ་བུའི་སྙུང་ལེབ་དབྱིབས། མཐར་སོག་ལེའི་སོ་ཞི་འདྲ་བ་ཡོད། ལོ་ལྷེབ་འཕུར་བའི་རྗེས་དྲི་ངན་ཁ་ཡི་ཡོད། མེ་ཏོག་ཆུང་ཞིང་མང་ལ་རྩེར་སྙུང་རིལ་མེ་ཏོག་བང་རིམ་དམར་པོ་ཤར་ཡོད། ནང་སྙིང་ཡོད་པའི་འབྲས་བུ་ཆུང་ཞིང་དམར་པོ་ཡིན།
Domain གསོ་རིག