71539

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུ་མོ་མདེའུ་འབྱིན་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཨ་ར་འདྲ་བའི་རྩ་ཕྲན་ཚོམ་བུ་ཡིན་པ་དང༌། ལོ་མ་རྣམས་ཀྱི་གཞི་རྩར་ལོ་མ་རྙིང་པའི་ངར་པ་དཀར་པོ་ཡོད་པའི་དཀྱིལ་ནས་ལོ་མ་སྔོ་ལྗང་ཕྲ་ལ་སིབ་པའི་རྒྱབ་སྐྱ་བར་ཕྱེ་མ་དཀར་པོས་ཁྱབ་ཅིང་རལ་པ་རིང་བ་མང་ལོ་མཉམ་དུ་ཕུང་པོར་སྐྱེ་བ། མེ་ཏོག་ཟིང་སྨུག་དང་ཟངས་དམར་ཅི་རིགས་འདབ་མ་ལྔ་དང་ལྡན་པ་ལོ་མ་རྣམས་ཀྱི་དབུས་ནས་ཐད་ཀར་ཤར་ཞིང༌། མེ་ཏོག་གི་ནང་དུ་ཟེའུ་འབྲུ་སེར་པོས་གང་བ། འབྲས་བུ་སྔོ་ལྗང་སྨིན་ཚེ་སྐྱ་བོར་གྱུར་པ་འཁོར་རྩིབས་འབྲས་བུ་རྩེ་རྣོ་བ་ལྔ་རེ་ཡོད་པ་སྟེ། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོ་བྱང་ལྟས་ཀྱི་བྲག་ལོགས་སུ་སྐྱེ་བ། ལོ་སྡོང་མེ་ཏོག་ལྷན་ཅིག་བོད་ཟླ་དྲུག་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་སྔོ་ཆོལ་རྨ་ཕབ་ཐོག་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་ལ་རྩུབ་རྣོ་དང་ལྡན་པས་བུ་དང་ཤ་མ་མ་ཐོན་པ་དང༌། མདེའུ་སོགས་ཁོང་དུ་ལུས་པའི་ཟུག་རྔུ་འབྱིན་པ། རྨ་ཚད་སེལ་ཞིང༌། ཆུ་སེར་སྐེམ་པར་བྱེད་པ་ཡིན།
Domain གསོ་རིག