71540

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུ་མོ་མི་བསྐྱོད་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་དང་པོའི་དུས་སུ་བྱོན། དང་པོ་རྣལ་འབྱོར་པ། ཕྱིས་རབ་ཏུ་བྱུང་ནས་མཚན་དད་པ་རྒྱལ་པོར་བཏགས། ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་ནས་དུས་འཁོར་རྒྱུད་འགྲེལ་ཞིབ་ཏུ་གསན་ཏེ་བསྒོམས་པས་རྟོགས་པ་བརྙེས། སྦྱོར་བ་ཡན་ལག་གི་མན་ངག་དང་སྔགས་ཀྱི་གཞན་སྟོང་གི་སྲོལ་ཕྱེས། དགུང་ལོ་བརྒྱད་ཅུ་གྱ་གཉིས་པར་འདས། ཁོང་གི་སློབ་རྒྱུད་དུ་ཕེབས་པ་ཀུན་སྤངས་ཐུགས་རྗེས་བརྩོན་འགྲུས་ཀྱི་ཇོ་ནང་དགོན་བཏབ་ཅིང་། སྦྱོར་བ་ཡན་ལག་དྲུག་གི་མན་ངག་རྒྱ་ཆེར་སྤེལ། དེའི་སློབ་རྒྱུད་ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན་གྱིས་མདོ་སྔགས་ཟུང་འཇུག་གཞན་སྟོང་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་ཕྱེ་ནས་བོད་འདིར་སྒྲུབ་བརྒྱུད་འདིའི་བསྟན་པ་དར་རྒྱས་བྱུང་།