71563

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུགས་ (1)
Part of speech མིང་ཚིག
Definition གསེར་ཡོད་སར་འབྱུང་བའི་རྡེའུ་དམར་སྨུག་འོད་འཕྲོ་བ་ཞིག་གི་མིང་སྟེ། རྡོ་ཁ་དོག་དམར་སྨུག་མཆིན་པའི་མདོག་འདྲ་ཞིང་ཆེ་ཆུང་དང་དབྱིབས་ངེས་མེད་སྣ་ཚོགས་ཡོད་པ། རེག་བྱ་འཇམ་ལ་འོད་མདངས་ཅུང་ཟད་རྒྱས་ཤིང་རྡོ་གཞན་ལས་ལྕི་བ་ཤོག་བུ་ཨུར་བྱེད་རུང་བ། རྡོ་ལ་རི་མོ་དམར་སྨུག་དོད་པ། རྒྱུ་མཚན་གསེར་ས་འོག་ནས་འབུད་པའི་མུ་ལ་ཡུགས་ཟེར་བས་རྡེའུ་འདི་གར་ཡོད་དུ་གསེར་ཡོད་པར་ངོས་འཛིན་པས་ཡུགས་རྡོ་ཞེས་བརྗོད།