71622

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུམ་ཆེན་མོ་ལྔ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཡུམ་ཆེན་མོ་ལྔ་ནི། རིགས་སྔགས་བདེ་བར་གཤེགས་པའི་ཡུམ་ལྔ་སྟེ། ཡུམ་ཆེན་མོ་ཀུན་ཏུ་བཟང་མོ་དང་། ཡུམ་ཆེན་མོ་སངས་རྒྱས་སྤྱན་མ་དང་། ཡུམ་ཆེན་མོ་མཱ་མ་ཀཱི་དང་། ཡུམ་ཆེན་མོ་ན་བཟའ་དཀར་མོ་དང་། ཡུམ་ཆེན་མོ་དམ་ཚིག་སྒྲོལ་མ་བཅས་ལྔའོ། །དེ་དག་གི་མཚན་གྱི་རྣམ་གྲངས་ལ་རིམ་བཞིན། ཡུམ་ཆེན་མོ་ནམ་མཁའ་དབྱིངས་ཕྱུག་མ་དང་། ཡུམ་ཆེན་མོ་རྡོ་རྗེ་དབྱིངས་ཕྱུག་མ་དང་། ཡུམ་ཆེན་མོ་རིན་ཆེན་དབྱིངས་ཕྱུག་མ་དང་། ཡུམ་ཆེན་མོ་པདྨ་དབྱིངས་ཕྱུག་མ་དང་། ཡུམ་ཆེན་མོ་ལས་ཀྱི་དབྱིངས་ཕྱུག་མ་ཞེས་ཀྱང་གསུངས། དཀོན་ཅོག་འགྲེལ་ལས། འབྱུང་བ་ཆེན་པོ་ལྔ་དང་ཐ་མི་དད་པའི་ཡུམ་ཆེན་མོ་ལྔ་སྟེ། དབྱིངས་ཀྱི་དབང་ཕྱུག་མ་དང་། སངས་རྒྱས་སྤྱན་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་སོ། །ཞེས་གསུངས་སོ། །
Domain ཆོས་ལུགས།