71627
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡུམ་རྒྱས་པ་ནི། ཡུམ་སྟོང་ཕྲག་བརྒྱ་པ་ནི། སྒོ་གསུམ། རྣམ་གྲངས་བཅུ་གཅིག ཞུས་ལན་བརྒྱ་དང་ཉི་ཤུ། འགྲེལ་རྐང་བརྒྱ་དང་བརྒྱད། འགྲེལ་རིང་བརྒྱ་དང་ལྔ་བཅུ། ཕྱོགས་སྐོར་བདུན་ཅུ་རྩ་བཞི། འགྲེལ་རྩ་བདུན་བརྒྱ་བཅུ་གཅིག འགྲེལ་ཐུང་བསྣན་པས་འགྲེལ་རྩ་ཁྲི་དང་བཞི་བརྒྱ་ཉེར་དགུ། མཚོན་བྱེད་བདུན་ཅུས་བརྒྱན་པ། སྟོང་ཕྲག་བརྒྱ་པའམ་ཤེར་ཕྱིན་འབུམ་པ་གླེགས་བམ་བཅུ་གཉིས་དང་བཅུ་དྲུག་ཏུ་བྱས་པ། བམ་པོ་སུམ་བརྒྱ། ལེའུ་དོན་གཉིས། ཤོ་ལོ་ཀ་སྟོང་ཕྲག་བརྒྱ། ཡུམ་འབྲིང་པོ་ནི། འགྲེལ་རྐང་དེ་ལས་ཅུང་ཞིག་བསྡུས་ཏེ་བསྟན་པ། ཡུམ་འབྲིང་པོ་སྟོང་ཕྲག་ཉི་ཤུ་ལྔ་པ། བམ་པོ་བདུན་ཅུ་དོན་བརྒྱད། ལེའུ་བདུན་ཅུ་དོན་དྲུག ཤོ་ལོ་ཀ་ཉི་ཁྲི་ལྔ་སྟོང་། ཡུམ་བསྡུས་པ་ནི། འགྲེལ་རྐང་ཐམས་ཅད་ཕུང་པོ་ལྔར་བསྡུས་ཏེ་བསྟན་པ། ཡུམ་བསྡུས་པ་བརྒྱད་སྟོང་ཕྲེང་བ་ཅན། བཟོ་སྦྱང་། སྡེ་ཅན་ཏེ་འགྱུར་མི་འདྲ་བ་གསུམ། དེ་རྣམས་འདྲ་བར་བམ་པོ་ཉེར་བཞི། ལེའུ་སོ་གཉིས། ཤོ་ལ་ཀ་བརྒྱད་སྟོང་། ཤེར་ཕྱིན་ཁྲི་བརྒྱད་སྟོང་པ་ནི། གླེགས་བམ་གསུམ། བམ་པོ་དྲུག་ཅུ། ལེའུ་བརྒྱད་ཅུ་རྩ་བདུན། འདི་ཡི་ལེའུ་གྱ་བཞི་པ་མདོ་སྡུད་པ་ཡིན། ཤེས་རབ་ཁྲི་པ་ནི། གླེགས་བམ་གཅིག བམ་པོ་སོ་བཞི། ལེའུ་སོ་གསུམ། མདོ་སྡུད་པ་ནི། གོང་དུ་སོང་། འགའ་ཞིག་འདི་དྲུག་ཀ་མངོན་རྟོགས་རྒྱན་གྱི་བཤད་བྱ་རྩ་བའི་མདོར་འདོད་ཀྱང་། རྣམ་བཤད་སྙིང་པོ་རྒྱན་ལས་བཤད་བྱ་རྩ་བའི་མདོ་ལ་ཡུམ་རྒྱས་འབྲིང་བསྡུས་ཀྱིས་ཁྱབ་པར་གསུངས་སོ། ། |
| Domain | ཆོས་ལུགས། |