71629
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། གཡས་པའི་ཐལ་མོ་བརྐྱངས་པ་སྙིང་གའི་ཐད་དུ་གན་རྐྱལ་དུ་བཞག་སྟེ་མཐེབ་མཛུབ་སྦྱར་བ་སྤྱན་མའི་འོ། །མཐེ་བོང་ལག་མཐིལ་དུ་བཀུག་པས་སོར་མོ་གཞན་རྣམས་བཀུག་པས་མནན་པ་མཱ་མ་ཀཱིའི་འོ། །ལག་གཡས་ཐལ་མོ་བརྐྱངས་པ་ཕྱིར་བསྟན་ནས་གྱེན་དུ་བསླངས་ཏེ་མཐེབ་མཛུབ་སྦྱར་བ་ནུ་མ་གཡས་པའི་ཐད་དུ་བཞག་པ་གོས་དཀར་མོའི་འོ། །དེ་ལས་མཐེ་བོང་དང་སྲིན་ལག་སྦྱར་ཏེ་ལྷག་མ་བརྐྱང་བ་སྒྲོལ་མའི་འོ། །འདི་བཞི་ཀའི་ཕྱག་གཡོན་གདན་ལ་བརྟེན་པའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |