71648
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཨ་མ་དང་བུ་ཕྲུག |
Example | ཡུམ་སྲས་ཁ་བྲལ་ཞེས་པ་ལྟ་བུ། |
Type | ཞེ་ས། |
{{#arraymap:ཡུམ་སྲས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། དབུ་མ། སྐབས་འདིར་ཡུམ་ནི་སྟོང་པ་ཉིད་བསྟན་བྱའི་གཙོ་བོར་བྱེད་པའི་མདོ་ལ་ཡུམ་གྱི་མདོ་ཟེར། རང་ལུགས་ལ་ཤེར་ཕྱིན་གྱི་མདོ་ལ་ཡུམ་སྲས་ཀྱི་ཐ་སྙད་མི་བྱེད་དེ། པཎ་ཆེན་སྤྱི་དོན་ལས། དེ་ཡང་བོད་སྔ་མ་རྣམས་ཡུམ་དྲུག་དང་སྲས་བཅུ་གཅིག་སྟེ་ཡུམ་སྲས་བཅུ་བདུན་དུ་གྲངས་ངེས་པར་འདོད་པ་ཡིན་ལ། ཡུམ་དྲུག་ཡོད་དེ། འབུམ། ཉི་ཁྲི། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། སྡུད་པ་རྣམས་ཡིན་པའི་ཕྱིར། དེ་རྣམས་ལ་ཡུམ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། མངོན་པར་རྟོགས་པ་བརྒྱད་ཆ་ཚང་བར་སྟོན་པས་ན་དེ་ལྟར་བཤད་པའི་ཕྱིར། སྲས་བཅུ་གཅིག་ཀྱང་ཡོད་དེ། ཤེར་ཕྱིན་བདུན་བརྒྱ་པ། ལྔ་བརྒྱ་པ། སུམ་བརྒྱ་པ། ཚུལ་བརྒྱ་ལྔ་བཅུ་པ། ལྔ་བཅུ་པ། སྒོ་ཉེར་ལྔ་པ། རབ་རྩལ་རྣམ་གནོན་གྱིས་ཞུས་པ། ཀཽ་ཤི་ཀས་ཞུས་པ། ཤེར་ཕྱིན་ཡི་གེ་གཅིག་མ། ཡི་གེ་ཉུང་ངུ་། ཤེས་རབ་སྙིང་པོ་རྣམས་ཡིན་པའི་ཕྱིར། དེ་རྣམས་ལ་སྲས་ཞེས་བརྗོད་པའི་རྒྱུ་མཚན་ཡང་ཡོད་དེ། མངོན་པར་རྟོགས་པ་བརྒྱད་ཆ་ཚང་བར་མི་སྟོན་ཅིང་ཕྱོགས་ཙམ་སྟོན་པས་དེ་ལྟར་བཤད་པའི་ཕྱིར། ཞེས་ཟེར་རོ། །ཡུམ་གྱི་མདོ་ལ་དྲུག་གིས་གྲངས་ངེས་བྱེད་པ་མི་འཐད་དེ། ཤེར་ཕྱོགས་ཀྱི་མདོ་ལ་ཡུམ་གྱི་མདོས་ཁྱབ་ཅིང། ཤེས་རབ་ཁྲི་པ་དང་རྒྱན་རྩ་འགྲེལ་དུ་སྦྱར་བའི་ཚད་ལྡན་གྱི་འགྲེལ་པ་མེད་པའི་ཕྱིར་དང། སྡུད་པ་དེ་ཁྲི་བརྒྱད་སྟོང་པའི་ལེའུའི་ནང་ཚན་ཡིན་པས་ལོགས་སུ་འདྲེན་མི་རིགས་པའི་ཕྱིར། སྲས་བཅུ་གཅིག་གི་གྲངས་ངེས་ཀྱང་མི་འཐད་དེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། ཟླ་བའི་སྙིང་པོ། ཉི་མའི་སྙིང་པོ། ལག་ན་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་གྱིས་ཞུས་པའི་མདོ་རྣམས་ཀྱང་ཤེར་ཕྱིན་གྱི་མདོར་ཚིག་གསལ་ལས་གསལ་བར་གསུངས་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:ཡུམ་སྲས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྒྱུན་ལ་ལྟོས་ནས་མཁྱེན་པ་སྔ་མ་ནི་ཡུམ་དང་། རྟོགས་པའི་རྒྱུན་ཕྱི་མ་ལ་གནས་པ་ནི་སྲས་སུ་འཇོག་ཅིང་། མཐོང་ལམ་པའི་སྔ་རོལ་གྱི་མཁྱེན་པ་རྗེས་མཐུན་པ་དང་། སངས་རྒྱས་ལའང་སྔ་རོལ་གྱི་རྣམ་མཁྱེན་རྗེས་མཐུན་པ་ཡུམ་དུ་འདོད་པ་ཡིན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་ཚིག་དོན་རབ་གསལ་ལས་སོ། ། ཀུན་མཁྱེན་གོ་རམས་པས། སྤྱིར་ཡུམ་ཡིན་ན། བདག་མེད་རྟོགས་པའི་མཁྱེན་པ་ཡིན་དགོས་ཏེ། རྒྱུད་བླར། ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་། །ཞེས་དང་། འཇུག་པར། ཤེས་རབ་ཡུམ་གྱིས་བསྐྱེད་པ་ཞེས་དང་། འདིར་ཡང་ཀུན་མཁྱེན་གསུམ་པོ་ཉིད་ཡུམ་དུ་བཤད་པ་དང། ལུང་ལས་ཀྱང་། བདག་མེད་བརྗོད་བྱའི་གཙོ་བོར་སྟོན་པའི་གསུང་རབ་རྣམས་ལ་ཡུམ་གྱི་ཐ་སྙད་གསུངས་པའི་ཕྱིར། དེ་ཡང་རང་སྲས་དང་རྒྱུད་གཅིག་པ་ཞིག་དགོས། ཞེས་དང་། སྲས་ལ་ཡུམ་གྱི་སྒོ་ནས་སྲས་སུ་བཞག་པ་ནི། འཕགས་པ་བཞི་ཆར་ལ་ཡོད་དེ། འཕགས་པ་ཡིན་ན་རང་རྒྱུ་བདག་མེད་རྟོགས་པའི་མཁྱེན་པ་ལས་བྱུང་དགོས་པའི་ཕྱིར་ཞེས་ཡུམ་དོན་རབ་གསལ་ལས་གསུངས་སོ། །པཎ་ཆེན་ངག་ཆོས་ཀྱིས་ཡུམ་མཚན་ཉིད་པ་བདག་མེད་རྟོགས་པའི་མཁྱེན་པ་ཡིན་ཞིང་། ཡུམ་གྱི་སྒོ་ནས་སྲས་སུ་བཞག་པ་ནི་འཕགས་པ་བཞི་ཆར་ལ་ཡོད་དེ། འཕགས་པ་ཡིན་ན། རང་རྒྱུད་བདག་མེད་རྟོགས་པའི་ཤེས་རབ་ལས་བྱུང་བས་ཁྱབ་པའི་ཕྱིར། དེས་ན་ཡུམ་ནི་རྒྱུའི་ངོས་ནས་བཞག སྲས་ནི་འབྲས་བུའི་ངོས་ནས་བཞག་ཅིང་། བྱང་སེམས་འཕགས་པ་ཡིན་ན། ཡུམ་གྱི་སྒོ་ནས་སྲས་སུ་བཞག་པའི་སྲས་དང་ཡབ་ཀྱི་སྒོ་ནས་སྲས་སུ་བཞག་པའི་སྲས་གཉིས་ཀ་ཡིན་པས་ཁྱབ། ཡུམ་གྱི་སྒོ་ནས་སྲས་སུ་བཞག་པའི་སྲས་དང། འཕགས་པ་དོན་གཅིག་གོ བྱང་སེམས་སྦྱོར་ལམ་པ་དེ་རང་གི་སྔ་རོལ་དུ་བྱུང་བའི་བདག་མེད་རྟོགས་པའི་ཤེས་རབ་སྔོན་སོང་ཡིན་ཀྱང་། དེས་བསྐྱེད་པ་དང་དེ་ལས་འཁྲུངས་པར་མི་འཇོག་སྟེ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བསྐྱེད་པའི་སྲས་ནི་ངེས་པར་འཕགས་པ་ལ་འཇོག་པའི་ཕྱིར་རོ་ཞེས་རྒྱན་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། ། སངས་རྒྱས་སྔ་མ་སྔ་མའི་ཐུགས་རྒྱུད་ཀྱི་ཤེར་ཕྱིན་རྣམས་ནི། དེའི་ཕྲིན་ལས་ལས་བྱུང་བའི་འཕགས་བཞིའི་ཕྱི་མ་རྣམས་ཀྱི་བསྐྲུན་པར་བྱེད་པའི་ཡུམ་ཡིན་པས། ཡུམ་སྲས་དག་ནི་རྒྱུད་ཐ་དད་པ་དང་སྔ་ཕྱིར་གྱུར་པའི་བསྐྱེད་བྱ་སྐྱེད་བྱེད་མཚན་ཉིད་པ་ཡིན་ནོ། །གལ་ཏེ་རྒྱུད་ཐ་དད་པས་ཡུམ་སྲས་སུ་མི་འགྱུར་ན། སངས་རྒྱས་དང་བྱང་སེམས་རྣམས་རྒྱུད་ཐ་དད་པས་ཡབ་སྲས་སུ་ཡང་མི་རུང་བར་རྒྱུ་མཚན་མཚུངས་སོ། །ཞེས་རེད་མདའ་བའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། |
{{#arraymap:ཡུམ་སྲས་
|; |@@@ | | }}