From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཡུལ་ (1)
| Part of speech
|
མིང་ཚིག
|
| Definition
|
རང་ཉིད་གང་དུ་སྐྱེས་སའི་ས་ཆ།
|
| Keyword
|
True
|
| Example
|
མི་རྒས་ན་ཡུལ་དྲན་ལྟ་བུ།
|
ཡུལ་ (2)
| Part of speech
|
མིང་ཚིག
|
| Definition
|
མི་རིགས་འདུས་སྡོད་བྱེད་སའི་ས་ཆ།
|
| Example
|
བོད་ཡུལ། རྒྱ་ཡུལ། ཨིན་ཡུལ་ལྟ་བུ།
|
ཡུལ་ (3)
| Part of speech
|
མིང་ཚིག
|
| Definition
|
ཁྱིམ།
|
| Example
|
ཁྱེད་ཚང་གི་ཡུལ་ན་སུ་ཡོད་དམ། ཡུལ་ན་ཨ་མ་ཡོད་ལྟ་བུ།
|
ཡུལ་ (4)
| Part of speech
|
མིང་ཚིག
|
| Definition
|
ས་ཆའི་རྒྱ་ཁྱོན་ངེས་ཅན།
|
| Keyword
|
True
|
| Example
|
ཡུལ་ལུང་། ཡུལ་གྲུ། ཡུལ་ཁམས་ལྟ་བུ།
|
ཡུལ་ (5)
| Part of speech
|
མིང་ཚིག
|
| Definition
|
གང་ལ་བྱ་བ་བྱེད་པའི་གཞི།
|
| Example
|
དམིགས་ཡུལ། སྙིང་གཏམ་བཤད་ཡུལ་ལྟ་བུ།
|
ཡུལ་ (6)
| Part of speech
|
མིང་ཚིག
|
| Definition
|
ཡུལ་གྱི་མཚན་ཉིད་ནི། བློས་རིག་པར་བྱ་བའོ། །འདིར་བྱ་བ་ཞེས་པའི་སྒྲ་ནི་དུས་གསུམ་ཀ་ལ་འཇུག་པ་ཡིན་ཏེ། རང་དུས་སུ་འདས་པ་གཟུང་ཡུལ་དང་། མ་སྐྱེས་པ་འཇུག་ཡུལ་དང་། དུས་མཉམ་པ་སྣང་ཡུལ་ཏེ་གསུམ་ཀ་ཡང་ཡུལ་གྱི་མཚན་ཉིད་དང་ལྡན་པའི་ཕྱིར་རོ། །དབྱེ་བ་ལ། ཡུལ་གྱི་གཙོ་བོ་ནི་གཉིས་ཏེ། གཟུང་ཡུལ་དང་འཇུག་ཡུལ་ལོ། །གཙོ་བོ་མ་ཡིན་པ་ནི། སྣང་ཡུལ་དང་ཞེན་ཡུལ་ལོ། །ཡང་ན། རང་དུས་སུ་འདས་པ་གཟུང་ཡུལ། མ་སྐྱེས་པ་འཇུག་ཡུལ། དུས་མཉམ་པ་སྣང་ཡུལ། དུས་གསུམ་ཀའི་སྟེང་ནས་ཞེན་ཡུལ་ལོ། །མདོ་སྡེ་པས། གཙོ་བོར་གཟུང་ཡུལ་ཁས་ལེན་པ་ཡིན་ཏེ། ཕྱི་དོན་ལྐོག་ན་མོར་ཁས་ལེན་པའི་ཕྱིར། གཟུང་ཡུལ་གྱི་གཞལ་བྱ་རང་མཚན་གཅིག་པུ་དང་། མཐར་ཐུག་གི་འཇུག་ཡུལ་གཙོ་བོ་ཡང་རང་མཚན་ཁོ་ན་དང་། སྣང་བ་ཡང་རང་མཚན་ཁོ་ནའི་སྟེང་ནས་བཞག་པ་དང་། ཞེན་ཡུལ་གྱི་གཙོ་བོ་ཡང་རང་མཚན་ཁོ་ནའི་སྟེང་ནས་བཞག་པ་འདིས་ནི། གཞལ་བྱ་རང་མཚན་གཅིག་ཁོ་ན། །ཞེས་པས་གཞུང་གི་དོན་ལེགས་པར་བཤད་པ་ཡིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། ། དབྱེ་ན། ཡུལ་ཅན་རྟོག་པ་དང་རྟོག་མེད་གཉིས་སུ་ངེས་པས་ཡུལ་ཡང་རྟོག་པའི་ཡུལ་དང་། རྟོག་མེད་ཀྱི་ཡུལ་གཉིས་སུ་རྣམ་པར་ཕྱེའོ། །ཡུལ་ཐམས་ཅད་ཀྱང་བསྡུ་ན་བཞིར་འདུ་སྟེ། གཟུང་ཡུལ། ཞེན་ཡུལ། འཇུག་ཡུལ། སྣང་ཡུལ་ལོ། །གཟུང་ཡུལ་ནི་རྟོག་མེད་མ་འཁྲུལ་བའི་དངོས་ཡུལ་དུ་འཇོག་པ་ཡིན་ལ། ཞེན་ཡུལ་ནི། རྟོག་པ་ཐམས་ཅད་ཀྱི་ཡུལ་ལོ། །འཇུག་ཡུལ་ནི། ཚད་མ་ཁོ་ནའི་དབང་དུ་བྱས་པ་ཡིན་ནོ། །སྣང་ཡུལ་ནི། རྟོག་མེད་འཁྲུལ་པ་དང་། རྟོག་མེད་མ་འཁྲུལ་བ་ཐམས་ཅད་ཀྱི་ཡུལ་ལོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། ། དབྱེ་ཚུལ་ལ། ཡུལ་དུ་བྱས་ཚུལ་གྱི་སྒོ་ནས་ཡུལ་བཞི་ནི། ཆོས་ཐམས་ཅད་ཡུལ་ཅན་གྱི་བློ་སོ་སོ་ལ་ལྟོས་ནས། སྣང་ཡུལ་དང་། ཞེན་ཡུལ། འཇུག་ཡུལ་གསུམ་དུ་འགྱུུར་ལ། གཟུང་ཡུལ་ནི་མདོ་སྡེ་པས་ཕྱིའི་སྐྱེ་མཆེད་ལྔ་པོ་ཁོ་ན་ལ་འཇོག་ཅིང་། སེམས་ཙམ་པའི་ལུགས་ལ་གཟུང་ཡུལ་གྱི་རྣམ་གཞག་མེད་དོ། །ངོ་བོའི་སྒོ་ནས། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་གཉིས་སོ། །འཇུག་ཡུལ་གྱི་སྒོ་ནས། མངོན་གྱུར་དང་། ལྐོག་གྱུར་གཉིས་སོ། །འཇུག་ཚུལ་གྱི་སྒོ་ནས། རང་མཚན་དང་། སྤྱི་མཚན་གཉིས་སོ། །མཐར་ཐུག་གི་གཞལ་བྱ་རང་མཚན་གཅིག་ཏུ་བསྡུས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །
|
| Domain
|
ཚད་མ།
|