71658

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུལ་ཀེག་རྩུབ་པ་ (1)
Part of speech མིང་ཚིག
Definition སྨེ་བའི་ཀེག་ཕྲན་བཞིའི་ཡ་གྱལ་ཞིག་སྟེ། བརྩི་བྱ་དག་གི་བབས་སྨེ་སོ་སོའི་གཉན་པའི་གཉིས་ནག་སྟེང་དུ་བབས་པའི་སྨེ་ཀེག་ལ་ཟེར་ཞིང་། དུས་དེར་འཆི་ངེས་ཀྱི་ན་ཚའམ་ཡང་ན་གློ་བུར་བའི་ཡེ་འདྲོག་འོང་བས། རིམ་གྲོ་དང་བཟློག་རིམ་ལ་འབད་དགོས། དེ་ཡང་བྱིས་པའི་བབས་སྨེ་རང་གི་གཉན་པའི་གཉིས་ནག་གཅིག་དཀར་སྟེང་དུ་བབས་པའི་ཡུལ་ཀེག་ཡིན་ན། བཅོས་སུ་གཟའ་མགྱོགས་ཀླུ་མགྱོགས་དང་བྱབས་ཁྲུས་བྱ་དགོས། རྒན་རྒོན་གྱི་བབས་སྨེ་རང་གི་གཉན་པའི་གཉིས་ནག་དགུ་དམར་སྟེང་དུ་བབས་པའི་ཡུལ་ཀེག་ཡིན་ན། བཅོས་སུ་མ་མོའི་མདོས་དང་ནོར་གཟུངས་གདོན་དགོས། སྐྱེས་པའི་བབས་སྨེ་རང་གི་གཉན་པའི་གཉིས་ནག་གསུམ་མཐིང་སྟེང་དུ་བབས་པའི་ཡུལ་ཀེག་ཡིན་ན། བཅོས་སུ་མཚོ་སྨན་གུར་མདོས་བྱ་དགོས། བུད་མེད་ཀྱི་བབས་སྨེ་རང་གི་གཉན་པའི་གཉིས་ནག་བདུན་དམར་སྟེང་དུ་བབས་པའི་ཡུལ་ཀེག་ཡིན་ན། བཅོས་སུ་བཙན་མདོས་དང་དམར་གཏོར་དབུལ་དགོས། བན་གྱི་བབས་སྨེ་རང་གི་གཉན་པའི་གཉིས་ནག་ལྔ་སེར་སྟེང་དུ་བབས་པའི་ཡུལ་ཀེག་ཡིན་ན། བཅོས་སུ་རྒྱལ་མགྱོགས་དང་མ་མོའི་ཁྲག་མདོས་བྱ་དགོས། བོན་གྱི་བབས་སྨེ་རང་གི་གཉན་པའི་གཉིས་ནག་དྲུག་དཀར་སྟེང་དུ་བབས་པའི་ཡུལ་ཀེག་ཡིན་ན། བཅོས་སུ་རང་ལྷ་གསོལ་དགོས། ཡུགས་སའི་བབས་སྨེ་རང་གི་གཉན་པའི་གཉིས་ནག་བཞི་ལྗང་སྟེང་དུ་བབས་པའི་ཡུལ་ཀེག་ཡིན་ན། བཅོས་སུ་ཀླུ་མཆོག་ཀླུ་གཏོར་བྱ་དགོས། ཞང་བློན་གྱི་བབས་སྨེ་རང་གི་གཉན་པའི་གཉིས་ནག་བརྒྱད་དཀར་སྟེང་དུ་བབས་པའི་ཡུལ་ཀེག་ཡིན་ན། བཅོས་སུ་ལྷ་གསོལ་དགྲ་བཟློག་བྱ་དགོས། སྤྱི་ཡི་གཉན་པའི་གཉིས་ནག་གཉིས་ནག་སྟེང་དུ་བརྩི་བྱའི་བབས་སྨེ་བབས་པའི་ཡུལ་ཀེག་ཡིན་ན། བཅོས་སུ་བདུད་དང་མ་མོའི་མདོས་བྱ་དགོས། གོང་ལྟར་གཉན་པའི་གཉིས་ནག་སྟེང་དུ་བབས་སྤར་མ་སོང་ཡང་གཉིས་ནག་རྒྱབ་འདུག་ཅེས་སྔ་ལོར་བབས་པའི་བབས་སྨེ་དང་། མདུན་ཡོད་ཅེས་སང་ལོར་འབབ་རྒྱུའི་བབས་སྨེ་གཉིས་ལས་གང་ཞིག་སོ་སོའི་གཉན་པའི་གཉིས་ནག་ཡིན་ཡང་ད་ལོར་རྩུབ་པར་བཤད། བབས་སྨེ་དབུས་སུ་བཞག་ན་སྨེ་བ་གླིང་དགུར་བཀོད་ན་བརྩི་བྱའི་གཉན་པའི་གཉིས་ནག་འབབ་ཕྱོགས་ཀྱི་ཆ་ནས་ཕོ་ལ་ཕྱོགས་བཞི་དང་། མོ་ལ་མཚམས་བཞིར་བབས་ན་ཡང་རྩུབ་ཆེ་བར་བཤད།
Domain རྩིས་རིག