71664

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུལ་གང་ལ་གླེང་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ཡོངས་སྦྱོང་གི་གཞིའི་སྐབས་སུ་ལྟུང་བ་ཡུལ་གང་ལ་གླེང་བ་ནི། ཆོས་བརྒྱད་ལྡན་ཞིག་ལ་གླེང་བར་བྱ་བ་ཡིན་ཏེ། དེ་ཡང་། པཎ་ཆེན་འདུལ་བ་ལས། ཆོས་བརྒྱད་ཡོད་དེ། རབ་བྱུང་སྡེ་ལྔ་གང་རུང་གི་སྡོམ་པ་གསོ་རུང་ཡན་ཆད་དང་ལྡན་པ། བསམ་པ་རང་བཞིན་དུ་གནས་པ། ལུས་ཐ་མལ་དུ་གནས་པ། གནས་ནས་མ་ཕྱུང་བ། ཆོས་མིན་ཕྱོགས་སུ་མ་སོང་བ། ནད་པ་མ་ཡིན་པ། དགེ་འདུན་ཐ་དད་དུ་འབྱེད་པར་ནུས་པ་མ་ཡིན་པ། གླེང་བ་པོ་དང་ཞེ་འགྲས་པ་མ་ཡིན་པ་རྣམས་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།