71678

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཡུལ་གྱི་ཆུ་ཚོད་ (1)
Part of speech མིང་ཚིག
Definition ཡུལ་ཐག་འཇལ་བྱེད་ཅིག་སྟེ། ནམ་མཁའི་གོ་ལར་རྒྱུ་སྐར་ཉེར་བདུན་གྱི་ས་ཁྱོན་ཉེར་བདུན་དུ་ཕྱེས་པ་དེ་རྒྱུ་སྐར་གཅིག་གི་ས་ཁྱོན་ཡིན་ལ། དེ་འདྲའི་རྒྱུ་སྐར་གཅིག་གི་ས་ཁྱོན་ཆ་དྲུག་ཅུར་ཕྱེས་པ་དེ་ཡུལ་གྱི་ཆུ་ཚོད་གཅིག་ཅེས་ཟེར། རྩིས་གཞུང་ཉིན་བྱེད་སྣང་བ་ལས། །རྒྱུ་སྐར་ཉི་ཤུ་རྩ་བདུན་གྱི། །སྐར་ཁོངས་རེ་རེའི་ས་ཁྱོན་ལ། །དྲུག་ཅུར་བྱས་པའི་ཆུ་ཚོད་དེ། །ཡུལ་གྱི་དབང་དུ་བྱས་པ་ཡིན། །ཞེས་བྱུང་།
Domain རྩིས་རིག