71692
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བརྩམས་འཇལ་བྱེད་གཉིས་ཀྱི་ཡ་གྱལ་སྟེ། གཟུགས་རྡུལ་རྣམས་ཆེ་ཆུང་དང་། ཐག་རིང་ཐུང་གི་ཚད་འཇལ་བྱེད་དོ། །དེ་ཡང་འཇལ་ཚུལ་འདི་ལྟར་སྟེ། རྡུལ་ཕྲ་རབ་ལ་སོགས་པ་དེ་དག་གོང་ནས་གོང་དུ་བདུན་འགྱུར་དུ་རྩིས་ཏེ་ཕྲ་རབ་ཀྱི་རྡུལ། དེ་བདུན་རྡུལ་ཕྲན་དང་ནི་དེ་བཞིན་དུ། དེ་བདུན་ལ་ལྕགས་རྡུལ། དེ་བདུན་ཆུ་རྡུལ། དེ་བདུན་རི་བོང་གི་རྡུལ། དེ་བདུན་ལུག་རྡུལ། དེ་བདུན་གླང་རྡུལ། དེ་བདུན་ཉི་ཟེར་གྱི་རྡུལ། དེ་བདུན་སྲོ་མ་དང་། དེ་བདུན་དེ་ལས་བྱུང་བ་ཤིག་དང་། ཤིག་བདུན་ལ་ནས། དེ་བཞིན་དུ་དེ་བདུན་སོར་ཚིགས་ཞེས་བྱ་བས་སོ། །སོར་མོ་དེ་ཉི་ཤུ་རྩ་བཞི་ལ་ཁྲུ་གང་། ཁྲུ་བཞི་ལ་གཞུ་འདོམ་གང་། འདོམ་དེ་དག་ལྔ་བརྒྱ་རྣམས་ལ་ནི་རྒྱང་གྲགས། གྲོང་ལས་དེ་ཙམ་ཕྱིན་པའི་ས་སྟོང་དེ་ལ་དགོན་པར་འདོད་ལ། རྒྱང་གྲགས་དེ་བརྒྱད་དཔག་ཚད་ཅེས་བྱའོ། །དེ་དག་གིས་སྣོད་བཅུད་ཀྱི་ཚད་ཐམས་ཅད་འཇལ་ལོ། ། |
| Domain | ཆོས་ལུགས། |