7180
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཏེར་ཆེན་རཏྣ་གླིང་པའི་ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གཏོར་དབང་ཡིད་བཞིན་ནོར་བུ་ཞེས་བྱ་བ་སྟེ། རཏྣ་གླིང་པའི་གཡར་དམ་མོ། །འདིའི་ནང་དོན་ནི། སྔོན་འགྲོ་སྟ་གོན་གྱི་རིམ་པ་གཟའ་སྐར་ཚེས་གྲངས་སོགས་བརྟག་པ་དང་། དངོས་གཞི་དབང་བསྙེན་ཅིང་བསྒྲུབ་པ་དང་། སློབ་མ་ལ་དབང་བསྐུར་བ་དང། རྗེས་ལ་དབང་བསྐུར་བའི་བླ་མ་ལ་སེར་སྣ་མེད་པའི་སྒོ་ནས་ཡོན་འབུལ་བ་དང་། ཚོགས་འཁོར་དགའ་སྟོན་བྱ་བ། བཀྲ་ཤིས་སྨོན་ལམ་བྱ་བ་བཅས་ཀྱི་སྒོ་ནས་སློབ་མ་ལ་དབང་ཇི་ལྟར་བསྐུར་བའི་ཚུལ་བསྟན། གཏེར་ཆོས་འདིའི་མཚན་གཞན། ཐུགས་སྒྲུབ་ཡང་སྙིང་འདུས་པའི་བླ་མའི་གཏོར་དབང་ཡིད་བཞིན་ནོར་བུ་ཞེས་ཀྱང་བྱ་སྟེ། འདི་ཉིད་མཁར་ཆེན་བཟའ་འམ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རྗེས་འཇུག་རྣམས་བདེ་ཆེན་ལམ་ལ་སྦྱར་བའི་ཕྱིར་གུ་རུའི་གསུང་བཞིན་ཡི་གེར་བཀོད་དེ་གཏེར་དུ་སྦས་པ། ཕྱིས་གཏེར་སྟོན་རཏྣ་གླིང་པས་གཏེར་ནས་བཞེས་པའོ། ། |